ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མངའ་ཁོངས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ས་ཚིགས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2021.09.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མངའ་ཁོངས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ས་ཚིགས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱིན་པའེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡཱ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། གནད་དོན་ཁྲིད་ཕྱོགས་གྲོང་ཁྱེར་གྱི་མངའ་ཁོངས་བཅོས་སྐྱོང་བྱེད་པའི་གོ་རིམ་ཧྲིལ་བོར་སིམ་པར་བྱས་ཏེ། ཞིང་སྡེ་དང་འབྲོག་ཁུལ། གྲོང་ཁྱེར་བཅས་ཀྱི་བཅོས་སྐྱོང་གི་བསམ་བློ་མི་འདྲ་བ་འབྲེལ་མཐུད་ཡག་པོ་བྱས་ནས་གནས་དུས་དང་འཚམ་པའི་ངང་བཅོས་སྐྱོང་བྱས་ཏེ། གྲོང་ཁྱེར་མངའ་ཁོངས་ཀྱི་ཁྱད་ཆོས་གྲུབ་པར་བྱེད་དགོས། དམིགས་འབེན་ཁྲིད་ཕྱོགས་གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གོ་རིམ་ཧྲིལ་བོའི་ཁྲོད་སིམ་པར་བྱས་ནས་ཧུར་ཐག་སྒོས་ཉམས་ཉེན་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་མགོ་ཁུངས་ནས་བཅོས་སྐྱོང་བྱེད་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། གྲོང་ཁྱེར་མངའ་ཁོངས་ཀྱི་བཅོས་སྐྱོང་གསར་གཏོད་མཐོར་འདེགས་བཏང་ནས་ངས་དམངས་ལ་ལས་དོན་དངོས་སྒྲུབ་ཅེས་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཁེ་ཕན་རེག་ཐུབ་ཅིང་ཡིད་ཚིམ་པར་བྱེད་དགོས། དངོས་སྒྲུབ་ཁྲིད་ཕྱོགས་གྲོང་ཁྱེར་མངའ་ཁོངས་བཅོས་སྐྱོང་བྱེད་པའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁུར་བ་དང་སྲིད་དོན་ལས་ཁུངས་ཀྱིས་འགན་གཙང་ཁུར་བྱེད་དགོས། བྱ་བའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་གྲོང་ཁྱེར་མངའ་ཁོངས་ཀྱི་བཅོས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས།

ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རྨ་ལྷོ་ཁུལ། ཀོས་ནན་རྫོང་། དར་ལག་རྫོང་བཅས་ཀྱིས་བརྗེ་རེས་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་དང་གྲོང་ཁྱེར་མངའ་ཁོངས་ཀྱི་བཅོས་སྐྱོང་ཆེད་དོན་ཚན་ཆུང་གི་ཁུངས་གཏོགས་ལས་ཁུངས་སོགས་ཚོགས་ར་གཙོ་བོ་ནས་ཚོགས་འདུར་ཞུགས་པ་དང་ས་གནས་ཁག་གིས་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས།

མི་ཕམ་མགོན་པོས་བསྒྱུར།