ལྕགས་ཕག་ལོའི་གསར་བརྗེ་ལོ་བརྒྱ་དང་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་ནས་གཟབ་རྒྱས་ངང་འཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
2021.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 89


 

ཟླ་བཅུ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། ལྕགས་ཕག་ལོའི་གསར་བརྗེ་ལོ་བརྒྱ་དང་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་། 

ཟླ་བཅུ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། ལྕགས་ཕག་ལོའི་གསར་བརྗེ་ལོ་བརྒྱ་དང་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས།  ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས།


ཟླ་བཅུ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། ལྕགས་ཕག་ལོའི་གསར་བརྗེ་ལོ་བརྒྱ་དང་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་སྟེ་བསྟན་དོན། ད་ལོ་ནི་ལྕགས་ཕག་ལོའི་གསར་བརྗེ་ལོ་བརྒྱ་དང་བཅུ་འཁོར་བའི་ལོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོ་མི་དམངས་སྤོབས་པ་ཆེར་བསྐྱེད་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་དུ་བསྐྱོད་བཞིན་ཡོད། དུས་སྐབས་གལ་ཆེན་འདིར་ང་ཚོས་གཟབ་རྒྱས་ཆེ་བའི་འདུ་ཚོགས་བསྡུས་ཏེ། སྐུ་ཞབས་སུན་ཀྲུང་ཧྲན་སོགས་གསར་བརྗེ་སྔོན་བྱོན་པའི་ལོ་རྒྱུས་བྱས་རྗེས་ལ་རྗེས་དྲན་ཞུ་སྐབས། ཁོ་ཚོས་ཀྲུང་ཧྭ་དར་རྒྱས་སུ་གཏོང་བའི་འགྱུར་མེད་དམ་བཅའི་བླ་མེད་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ལ་སྐུལ་ལྕག་གཏོང་བ་དང་མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མཉམ་དུ་འབད་འཐབ་བྱེད་དགོས་ཟེར།

ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས།

མི་དམངས་ཚོགས་ཁང་ཆེན་མོའི་ཀྲུའུ་ཞི་སྟེགས་བུའི་ཀླད་དུ་ལྕགས་ཕག་ལོའི་གསར་བརྗེ་ལོ་བརྒྱ་དང་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་ཚོགས་རྟགས་བཀལ་ཡོད་ལ། རྒྱབ་ཡོལ་དཀྱིལ་དབུས་སུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་པར་བཞག་ཡོད་པ་དང་། ལོགས་གཉིས་སུ་སོ་སོར་དར་དམར་བཅུ་རེ་སྒྲེང་འདུག

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཚོགས་ཆེན་དངོས་སུ་མགོ་བརྩམས་ཤིང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས།

ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། སྐུ་ཞབས་སུན་ཀྲུང་ཧྲན་ནི་རླབས་ཆེ་བའི་མི་རིགས་དཔའ་བོ་དང་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ། ཀྲུང་གོ་དམངས་གཙོ་གསར་བརྗེ་ཡི་རླབས་ཆེན་སྔོན་བྱོན་པ་བཅས་ཡིན། སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པས་ཀྲུང་ཧྭ་མི་རིགས་ཀྱི་དོན་དུ་བཞག་པའི་ལོ་རྒྱུས་བྱས་རྗེས་བསྐལ་བའི་བར་དུ་ཉམས་པ་མེད་པ་དང་། ལྕགས་ཕག་ལོའི་གསར་བརྗེའི་ཁྲོད་དུ་དཔའ་མཛངས་རྟུལ་ཕོད་དང་རང་སྲོག་བློས་བཏང་བའི་འཐབ་མོ་བ་རྣམས་ཀྱི་མཚན་སྙན་ཇི་སྲིད་བར་དུ་བརྗེད་མི་སྲིད་ལ། ལྕགས་ཕག་ལོའི་གསར་བརྗེ་ནི་ནམ་ཡང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ཁྲོད་དུ་ཀྲོང་ངེར་འགྱིང་བའི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན།  དུས་ཡུན་རིང་བོར་འབད་འཐབ་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྔར་ལས་འཐུས་ཚང་ཡིན་པའི་ལམ་ལུགས་ཀྱི་ཁག་ཐེག་དང་སྔར་ལས་བརྟན་པའི་དངོས་བོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་བློའི་སྟོབས་ཤུགས་ལྡན། ང་ཚོས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པ་གསར་སྐྲུན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་སྟེང་དུ་མུ་མཐུད་ནས་ལོ་རྒྱུས་ཀྱི་འགན་འཁྲི་ཁག་ཁུར་བྱེད་དགོས་པ་དང་། ལོ་རྒྱུས་རང་འགུལ་ཁོང་དུ་ཆུད་པར་བྱེད་པར་མ་ཟད་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་གྱི་ལོ་རྒྱུས་ལས་དོན་ཆེན་པོར་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ངེས་པར་དུ་དཀའ་ཁག་མཉམ་སེལ་བྱེད་པ་དང་། མཐུན་སྒྲིལ་ལ་བརྟེན་ནས་རྒྱལ་ཁ་ལེན་པའི་མདུན་སྐྱོད་བགྲོད་ལམ་སྟེང་དུ་ཉེན་ཁ་ཡོད་ཚད་ལ་འགྲན་རྩོད་བྱེད་དགོས། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བའི་སྟེང་དུ་ང་ཚོས་ངེས་པར་དུ་ཤུགས་ཆེན་པོས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཚད་མཐོ་བའི་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ཡིད་ཆེས་ཆགས་པར་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭའི་བུ་དང་བུ་མོར་བརྟེན་ནས་མཉམ་དུ་འབད་འཐབ་བྱེད་དགོས་པར་མ་ཟད། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྔར་ལས་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་གཅིག་སྡུད་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་འབད་འཐབ་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་བསྟན་དོན། ཉེ་བའི་དུས་སྐབས་ཀྱི་ཚུན་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་ཡོངས་ཀྱིས་མཐོང་ཆེན་བྱེད་པའི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་ནས། མི་རིགས་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་བསུས་བྱུང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཀྲུང་ཧྭའི་བུ་དང་བུ་མོའི་ཐུན་མོང་གི་གཟི་བརྗིད་ཡིན་པ་དང་། ཀྲུང་ཧྭའི་བུ་དང་བུ་མོ་ཚང་མའི་ཐུན་མོང་གི་འགན་འཁྲི་ཡང་ཡིན། ངས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཚང་མས་མཐུན་སྒྲིལ་དམ་པོ་བྱས་ཏེ། སྐུ་ཞབས་སུན་ཀྲུང་ཧྲན་སོགས་ལྕགས་ཕག་ལོའི་གསར་བརྗེ་སྔོན་བྱོན་པའི་རླབས་ཆེན་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ལག་རྡང་སྦྲེལ་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་རྒྱུའི་རེ་འབོད་བཏོན་པ་ཡིན་ཟེར།

ཝང་དབྱང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པ་དང་། ལྕགས་ཕག་ལོའི་གསར་བརྗེ་ཡི་ལོ་རྒྱུས་བྱས་རྗེས་དང་དོན་སྙིང་གལ་ཆེན་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེ་ལས་དོན་རྒྱུན་འཛིན་བྱས་པ་དང་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་བརྩོན་ལྷོད་མེད་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་དང་སྤྱི་བསྡོམས་བྱས་པ་དང་། ལྕགས་ཕག་ལོའི་གསར་བརྗེ་ལ་ལོ་བརྒྱ་དང་བཅུ་འཁོར་བའི་ལོ་རྒྱུས་རྒྱས་བཤད་བྱས་ཡོད་ཟེར།

ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨུ་ཞང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་པ་དང་། ཀྲུང་གོ་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྲུའུ་ཞི་ཝན་ལིས་ཅུན་གྱིས་མི་དམངས་ཚོགས་པ་སོ་སོའི་ཚབ་བྱས་ཏེ་ཚོགས་ཆེན་སྟེང་གཏམ་བཤད།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཚོགས་ཆེན་ལ་ཞུགས།

                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།