ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དུས་འཁོར་བྱ་འགུལ་གྱི་མཚོ་སྔོན་ཡན་ལག་ཚོགས་རའི་བྱ་འགུལ་སྤེལ་འགོ་བརྩམས།
2021.10.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན།   ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དུས་འཁོར་བྱ་འགུལ་གྱི་མཚོ་སྔོན་ཡན་ལག་ཚོགས་རའི་བྱ་འགུལ་མཚོ་ཤར་གྲོང་ཁྱེར་ནས་རྒྱལ་ཡོངས་དང་མཉམ་དུ་སྤེལ་འགོ་བརྩམས།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་འགུལ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཉེ་བའི་ལོ་འགའི་རིང་ལ།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་བར་ཚད་མཐོན་པོའི་མཐོང་ཆེན་བྱས་པ་དང་།    གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ལ།   ཚན་རྩལ་གསར་གཏོད་ཐད་ཀྱི་སྲིད་ཇུས་མ་ལག་གསར་པ་འཐུས་ཚང་དུ་བཏང་བར་མ་ཟད།    སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་གཏན་ཁེལ་བྱས་ཏེ་ཕྱིར་བཏོན་པ་དང་།    དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་གསར་གཏོད་ཀྱི་གཙོ་གཞིའི་གསོན་ཤུགས་སྐུལ་སློང་བྱས་པས།   དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་།     ལྷག་པར་དུ་ད་ལོའི་ཚུན་ལ།   མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་ལས་གཞི་དོ་དམ་བཅོས་སྒྱུར་བྱ་བ་སྤེལ་བ་དང་།    ཚན་རིག་ཞིབ་འཇུག་གི་གྲོན་དངུལ་འགན་གཙང་ལེན་བྱེད་པའི་ལམ་ལུགས་ཚོད་ལྟའི་བྱ་བ་སྔར་ལས་རྒྱ་བསྐྱེད་ལ།     གསར་རྩོམ་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་མཐོང་ཆེན་དང་ཤུགས་བསྣན་ནས།    མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཐད་ཤུགས་རྐྱེན་ཡོད་པའི་གནད་འགག་ལག་རྩལ་ཐད་ཀྱི་དཀའ་གནད་ཁ་ཤས་ཐག་བཅད།   དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་རིམ་འཕར་རྣམ་པ་བསྐྲུན་པར་དམིགས་ཏེ་སྐྱེ་ཁམས་མ་ལག་གསར་སྐྲུན་བྱས་པ་དང་།    དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞི་སོགས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་བར་མ་ཟད།    སློབ་ཆེན་སློབ་མའི་གསར་གཏོད་གསར་སྐྲུན་གྱི་འགྲན་སྡུར་ཆེན་མོ་སོགས་རྣམ་པ་ཕུན་སུམ་ཚོགས་པའི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་སྤེལ་བ་སོགས་བྱས་ཏེ་གསར་གཏོད་གཙོ་གཞི་མང་པོ་འབྱུང་དུ་བཅུག་པ་དང་།    ལས་ཞུགས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་སྟེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན།

ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དུས་འཁོར་བྱ་འགུལ་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་གསར་གཏོད་གསར་སྐྲུན་བྱེད་པ་དང་ཆུ་ཚད་མཐོ་བའི་ལས་སྐྲུན་ལས་ཞུགས་བྱེད་རྒྱུ་བརྗོད་དོན་དུ་བྱས་ཡོད་པ་དང་།    གོང་འོག་ཟུང་འབྲེལ་རྣམ་པ་སྤྱད་དེ་བརྗོད་དོན་གཏམ་བཤད་དང་ཞིང་ཆེན་རིམ་པའི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་འགན་ཁུར་མི་སྣའི་བརྗེ་རེས་གཏམ་བཤད་སོགས་བྱ་འགུལ་སྤེལ་བ་དང་།      ཀུན་གྱི་རིག་སྟོབས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུ་དེ་ཁྱབ་ཁོངས་སྔར་ལས་ཆེན་པོ་དང་རིམ་པ་སྔར་ལས་མཐོན་པོ། སྐུལ་འདེད་སྔར་ལས་ནན་མོ་གཏོང་རྒྱུར་སྐུལ་སློང་དང་ཁྲིད་སྟོན་བྱས།

འགོ་རྩོམ་མཛད་སྒོའི་སྔོན་ལ།    ཞིན་ཁྲང་ཞིང་གིས་མཚོ་ཤར་རྨ་ཙོང་ཁུལ་གསར་མཚོ་སྔོན་ཞིང་ཆེན་གཞི་གྲངས་ཆེན་པོའི་ཐོན་ལས་གླིང་དང་། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཐོན་རྫས་འགྲེམ་སྟོན་ལ་བལྟས།     ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་མཉམ་དུ་ལྟ་སྐོར་བྱས་པར་མ་ཟད།      ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིམ་པའི་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཝུའུ་ཁྲའོ་ཀྲུང་དང་མཉམ་དུ་མཚོ་སྔོན་དང་ཝུའུ་ཧན་གྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་རིག་གནས་ཚན་རྩལ་མཉམ་བསྲེས་ཐོན་ལས་ལག་རྩལ་ཞིབ་འཇུག་གླིང་གི་སྒོ་བྱང་སྟེང་གི་ཡོལ་རས་བླངས།

                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།