བློ་མཐུན་ཝུའུ་ཞུའེ་ཆན་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས་པ་དང་ཝང་དབྱང་ཚོགས་འདུར་ཞུགས།
2021.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

བློ་མཐུན་ཝུའུ་ཞུའེ་ཆན་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་བཅུ་བདུན་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཚོགས་འདུའི་སྔོན་ལ་བློ་མཐུན་ཝུའུ་ཞུའེ་ཆན་གྱི་གཉེན་ཉེ་ལ་ཐུག་འཕྲད་བྱས།

བློ་མཐུན་ཝུའུ་ཞུའེ་ཆན་ནི་རང་རྒྱལ་གྱི་ཕྱི་འབྲེལ་འཐབ་ཕྱོགས་ཀྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གཉིས་པ་བཅུ་གསུམ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཡིན་ལ། རྒྱལ་སྲིད་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས་བརྒྱད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་ཁུར་མྱོང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་ཝུའུ་ཞུའེ་ཆན་གྱི་འོད་སྟོང་འབར་བའི་མི་ཚེ་ཧྲིལ་བོར་དྲན་གསོ་ཞུས་ཏེ། ཁོང་གི་དད་སེམས་བརྟན་ཞིང་ཏང་ལ་བློ་དཀར་བའི་ཆབ་སྲིད་ཀྱི་རང་གཤིས་དང་། ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་ཅིང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་རྒྱལ་ཁབ་ལ་དྲིན་ལན་གཟོ་བའི་བརྩེ་བ། ཁག་ཁུར་ཡར་བརྩོན་དང་འཐབ་རྩོད་བྱེད་ཕོད་པའི་གསར་བརྗེའི་སྙིང་སྟོབས། ཡ་རབས་སྤྱོད་གཙང་དང་དཀའ་སྤྱད་བབ་ཆགས་ཀྱི་བླ་མེད་བྱ་སྤྱོད་བཅས་ལ་སློབ་སྦྱོང་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་བསྟན།

རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་དཔོན་པོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱི་བཞུགས་མོལ་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ལིས་པེན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།

ཕྱུག་ལོས་བསྒྱུར།