རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2021.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་ལག་བསྟར་དང་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་རྗེས་སུ་ཀྲུང་དབྱང་གིས་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ད་ལོའི་རང་རྒྱལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ངེས་པར་དུ་བཞི་ཡི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་སྤྱི་བསྡོམས་ཟབ་མོ་བྱས་ཤིང་། དེང་སྐབས་ཀྱི་མདུན་དུ་ལྷགས་པའི་གནོན་ཤུགས་ཆེན་པོ་གསུམ་ལ་དབྱེ་ཞིབ་ནན་མོ་བྱས་པ་དང་། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་བདུན་གཏན་འཁེལ་གསལ་བོ་བྱས་ཡོད་ལ། ངོས་འཛིན་ཡང་དག་དང་གསལ་བོར་ཤེས་དགོས་པ་ལྔ་ཡི་རེ་བ་ཆེན་པོ་ལྔ་བཏོན་ཡོད་པས། དེ་ལ་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། དམིགས་ཡུལ་རང་བཞིན། མཛུབ་སྟོན་རང་བཞིན་དྲག་པོ་ལྡན། ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་དབྱང་གིས་དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་པ་ལྟར། བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་ཞིང་སྤྱི་ཚོགས་ཀྱི་སྔོན་དཔག་དུས་སྐབས་ཁྲིད་སྟོན་བྱེད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། སང་ལོའི་རང་ཞིང་གི་དཔལ་འབྱོར་བྱ་བའི་ལས་འགན་དང་རེ་བ་གསལ་བོར་ཤེས་པར་བྱེད་པ་དང་། ཚན་རིག་དང་མཐུན་པར་སང་ལོའི་སྲིད་གྲོས་གྲོས་མོལ་བྱ་བར་འཆར་འགོད་དང་ལག་བསྟར་བྱེད་པར་མ་ཟད། ཧུར་ཐག་སྒོས་གྲོས་མོལ་ཐེངས་གཅིག་བྱས་ན་ཁྱབ་ཁོངས་གཅིག་ལ་སྐུལ་འདེད་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས་དུས་རབས་གསར་བའི་ཆོས་ལུགས་བྱ་བའི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པར་ལན་གསལ་བོ་བཏབ་ཡོད་པ་དང་། དེ་ནི་དུས་རབས་གསར་བའི་ཆོས་ལུགས་བྱ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། ངེས་པར་དུ་དགུ་ཡི་ལག་ལེན་རེ་བ་དེ་སྲིད་གྲོས་མི་རིགས་ཆོས་ལུགས་བྱ་བའི་ཁྲོད་དུ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ནས། ཁས་ལེན་ལྔ་སྔར་ལས་ནུས་ལྡན་དུ་གཏོང་དགོས། སྲིད་གྲོས་མི་རིགས་ཆོས་ལུགས་ལས་རིགས་ཨུ་ཡོན་གྱི་དམིགས་བསལ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བས་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་། ཆོས་ལུགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ལོ་ཧྲིལ་བོའི་བྱ་བ་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་འཆར་ཟིན་སྙན་ཞུ་དང་གྲོས་འདོན་སྙན་ཞུའི་འཆར་ཟིན་ལ་གྲོས་བསྡུར་བྱས།

མགོན་པོ་བཀྲ་ཤིས་དང་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་ཝུན་ཁུའེ། མ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཀྲང་ཞོ་རོང་། ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།

                                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།