མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྐོར་གཉིས་པའི་ཕྱིར་བལྟ་བྱ་བའི་སྙན་ཞུ་གྲོས་ཚོགས་དང་གནོད་པ་གཙང་སེལ་བྱེད་པར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཐད་ཀྱི་གྲོས་གཞི་ཡར་ཞུ་གྲོས་ཚོགས་ཟི་ལིང་ནས་བསྡུས།
2021.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྐོར་གཉིས་པའི་ཕྱིར་བལྟའི་བྱ་བའི་སྙན་ཞུ་གྲོས་ཚོགས་དང་གནོད་པ་གཙང་སེལ་བྱེད་པར་ཆེད་དོན་ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་ཐད་ཀྱི་གྲོས་གཞི་ཡར་ཞུ་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་བསྡུས། ཚོགས་འདུའི་སྔོན་དུ། ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅོ་ལྔ་བའི་ཚན་གཙོ་ཅི་ལེན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གཉིས་ཀྱིས་ཐུག་འཕྲད་བརྗེ་རེས་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་། ཅི་ལེན་གྱིས་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅོ་ལྔ་བའི་ཚབ་བྱས་ནས་ཕྱིར་བལྟའི་གྲུབ་འབྲས་ལ་ཞིབ་བཤེར་ལྟ་ཞིབ་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གནོད་པ་གཙང་སེལ་བྱེད་པར་ཆེད་དོན་ལྟ་ཞིབ་དང་ཞིབ་བཤེར་བྱས་པའི་གནས་ཚུལ་ཡར་ཞུ་བྱས། ཝང་ཅན་ཅུན་གྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཞིན་ཁྲང་ཞིང་གྲོས་ཚོགས་ལ་ཞུགས། ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅོ་ལྔ་བའི་ཚན་གཙོ་གཞོན་པ་མཱ་ཆི་ཀྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཅི་ལེན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ནམ་ཡང་སྤྱི་ཁྱབ་་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་པ་དང་། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྐོར་གཉིས་པར་ཕྱིར་བལྟ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བློ་མཐུན་གཙོ་བོས་ཆེད་དུ་ཞིབ་འཇུག་ཇུས་འགོད་དང་བཀོད་སྒྲིག་སྐུལ་འདེད་བྱས་པ་དང་། ཞིང་ཆེན་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་། ཞིང་ཆེན་རིམ་པའི་སྲིད་ཁྲིམས་ལས་ཁུངས་བཅས་ཀྱིས་གནོད་པ་གཙང་སེལ་བྱེད་པ་དང་གྱོད་གཞིའི་ཁུངས་སྣེ་བདེན་པ་ཡིན་པ། སྐྱོན་ཆ་བཅོས་སྐྱོང་གཙང་མ་བྱེད་པ་བཅས་ལ་དམ་དུ་དམིགས་ནས། ཡར་ཞུ་བྱས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པ་དང་། ཤུགས་བསྣན་ནས་མཁྲེགས་གཏོར་བྱས་ལ། མྱུར་དུ་དག་ཐེར་ལེགས་བཅོས་བྱས་པས། ཞིང་ཆེན་ཡོངས་ཀྱི་སློབ་གསོ་དག་ཐེར་གྱི་ཕྱིར་བལྟའི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

ཅི་ལེན་གྱིས་མཚོ་སྔོན་གྱིས་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། རྒྱུན་མཐུད་ངང་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཐད་ནས་གྲོས་གཞི་བཞི་བཏོན། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་འདུ་ཤེས་ནམ་ཡང་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་མཐའ་གཅིག་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྲིད་ཁྲིམས་བྱ་བའི་ཐད་ནས་ནམ་ཡང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་བྱེད་དགོས། གནད་དོན་གྱི་འདུ་ཤེས་ནམ་ཡང་ཇེ་དྲག་ཏུ་གཏོང་བ་དང་། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་སྒོ་ནས་དག་ཐེར་ལས་འགན་ཡོངས་འགྲུབ་བྱེད་དགོས། ཁག་ཁུར་འདུ་ཤེས་ནམ་ཡང་ཇེ་དྲག་ཏུ་བཏང་སྟེ། དག་ཐེར་བྱས་མེད་པའི་གནད་དོན་མཐའ་གཅིག་ཏུ་དག་ཐེར་བྱེད་དགོས། རྒྱུན་བཅོས་འདུ་ཤེས་ནམ་ཡང་ཇེ་དྲག་ཏུ་གཏོང་བ་དང་། མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་སྡེའི་རྒྱུན་བཅོས་ཡུན་ཕན་མ་ལག་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་དགོས།

ཚོགས་ཐོག་ནས། ཅི་ལེན་གྱིས་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅོ་ལྔ་བའི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་ཀྱིས་གནོད་པ་གཙང་སེལ་བྱེད་པར་ཆེད་དོན་ལྟ་ཞིབ་དང་ཞིབ་བཤེར་བྱེད་པའི་ཐད་ཀྱི་བསམ་འཆར་ཡར་ཞུ་བྱས། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་གནོད་པ་གཙང་སེལ་བྱེད་པའི་བྱ་བ་དེ་བྲེལ་མྱུར་དང་གལ་ཆེ་བའི་ཆབ་སྲིད་ལས་འགན་དུ་བརྩིས་ནས། ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོས་གཙང་སེལ་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་པ་དང་། ཁག་ཁུར་ཇེ་དྲག་ཏུ་བཏང་ནས་གཙང་སེལ་གྱི་འགན་འཁྲི་ཕྲག་ཏུ་ལེན་པ་རྒྱུན་འཁྱོངས་བྱས་ལ། ཐབས་མང་མཉམ་སྤྱོད་ཀྱིས་གཙང་སེལ་ནུས་པ་གཅིག་ཏུ་བསྡུ་བ་རྒྱུན་འཁྱོངས་བྱས་པ་དང་། ལངས་གནས་མཐོན་པོ་ནས་བཀོད་སྒྲིག་དང་ཚད་གཞི་མཐོན་པོས་སྐུལ་འདེད་བཏང་ལ། སྤུས་ཚད་མཐོན་པོས་ལག་བསྟར་བྱས་པས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་ཆབ་སྲིད་ཀྱི་འདུ་ཤེས་ལ་སྔར་ལས་སྦྱོང་བརྡར་ཐོབ་པ་དང་། སྲིད་ཁྲིམས་ལས་ཁུངས་ཀྱི་ཆབ་སྲིད་ཐད་ཀྱི་ཉེན་ཁ་སྔར་ལས་གཙང་སེལ་བྱས་ལ། ཆབ་སྲིད་ལས་ཁུངས་ཀྱི་ཆབ་སྲིད་སྐྱེ་ཁམས་སྔར་ལས་ཇེ་ལེགས་སུ་བཏང་།

ཝང་ཅན་ཅུན་གྱིས་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅོ་ལྔ་བས་རང་ཞིང་གི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་ཐད་མཛུབ་སྟོན་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས།  ཁོས་བཤད་རྒྱུར། ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅོ་ལྔ་བས་ཡར་ཞུ་བྱས་པའི་བསམ་འཆར་ཐད་ནས་ཆབ་སྲིད་གླེང་བ་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ངེས་པར་དུ་གཙང་སེལ་བྱེད་པ། རྒྱུན་བསྲིང་བར་དོ་སྣང་བྱེད་པ་བཅས་འབུར་དུ་ཐོན་པར་བྱས་ཡོད་པས། ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་པ། ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་བྱ་བའི་རེ་བ་དོན་འཁྱོལ་ནན་མོ་བྱེད་པ། རླབས་ཆེན་གྱི་ཏང་འཛུགས་དགོངས་པ་དར་སྤེལ་གཏོང་བ། རྒྱུན་མཐུད་ངང་ཤུགས་བཏོན་ནས་སྐོར་ཐེངས་གཉིས་ཐད་ཀྱི་ཡར་ཞུ་གནད་དོན་དང་རྩིས་ཐོ་གསལ་ཕྲ་དག་ཐེར་གཙང་སེལ་བྱེད་པ། ཕྱིར་ལྟ་ཐད་ཀྱི་ཡར་ཞུ་གནད་དོན་མྱུར་དུ་ལེགས་བཅོས་བྱེད་པ། སྤུས་ཚད་མཐོ་བའི་དག་ཐེར་ལེགས་བཅོས་ཀྱི་ཞིབ་བཤེར་དང་མི་འདང་ས་ཁ་གསབ་བྱེད་པ་དམ་འཛིན་བྱེད་པ། གནོད་པ་གཙང་སེལ་བྱེད་པ་དང་ཆབ་སྲིད་སྐྱེ་ཁམས་ཁྱོན་ཡོངས་ནས་དག་གཙང་བྱེད་པ་དམ་འཛིན་བྱེད་པ། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་བྱེད་པ་དམ་འཛིན་བྱེད་པ། རྒྱུན་བཅོས་ཡུན་ཕན་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མཐའ་གཅིག་ཏུ་བློ་དཀར་བ་དང་དག་གཙང་ཡིན་པ། མཐའ་གཅིག་ཏུ་བློ་གཏད་ཆོག་པའི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་དངོས་དང་སྲིད་ཁྲིམས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་བཟང་བོར་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བའི་བརྟན་བརླིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་ཁབ་ཞི་བདེ་དང་མི་དམངས་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག སྲོལ་གཙང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་བཅས་བསྐྲུན་དགོས།

ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅོ་ལྔ་བའི་ཁོངས་མི་ཡོངས་དང་། རང་ཞིང་གི་འགོ་ཁྲིད་དབྱིན་པད་དང་ཀྲང་ཙི་ཅུན། ཀྲ་ཆིན་ཅིག་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།