ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་རིགས་སྡེ་ཁག་གིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས།
2021.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མགོ་འཛིན་མཛད་དེ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་རིགས་སྡེ་ཁག་གིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་གྲོང་གསེབ་དར་སྤེལ་གཉིས་ སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་སྙན་ཞུའི་གྲོས་ཚོགས་བསྡུས་པ་དང་།སྦྲེལ་མཐུད་ནུས་ལྡན་བྱེད་པར་རང་རྟོག་གནད་དོན་དག་ཐེར་བྱས་པའི་གནས་ཚུལ་དང་གཙོ་གནད་ལས་རིགས་སྡེ་ཁག་གི་བྱ་བའི་སྐུལ་འདེད་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ནས། གོ་རིམ་རྗེས་མའི་ལས་དོན་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། ད་ལོར་སྡེ་ཁག་སོ་སོས་ལས་རིགས་ཀྱི་དོན་དངོས་ལས་རྐང་འཛུགས་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ། འགན་འཁྲིའི་འདུ་ཤེས་ཇེ་དྲག་དང་སྲིད་ཇུས་བྱེད་ཐབས་ཇེ་ལེགས། ལས་འགན་དངོས་འབེབས་དམ་འཛིན་བཅས་བྱས་པ་དང།དབུལ་ཐར་མཁྲེག་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་གཅིག་གྱུར་སྐུལ་འདེད་བཏང་ནས། གྲོང་གསེབ་དར་སྤེལ་བྱ་བ་གཏན་འཇགས་ངང་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་བྱེད་པ་དང་། ལས་རིགས་ཀྱི་ཁྱད་ཆོས་ལ་དམ་དུ་དམིགས་པ་དང་། ཉམས་མྱོང་སྤྱི་སྡོམ་བྱེད་པ།   གནད་དོན་སྟོན་པ་དང་། མི་འདང་ས་བཙལ་བ་བཅས་བྱས་ནས། སྦྲེལ་མཐུད་ནུས་ལྡན་བྱ་བར་གནད་ཁེལ་ཤུགས་འདོན་དང་ཤུགས་གཅིག་བསྡུས་ཀྱིས་སྐུལ་འདེད་གཏོང་དགོས། སྡེ་ཁག་གི་ལྟ་སྐུལ་མཛུབ་སྟོན་ནུས་པ་བཀོལ་སྤྱོད་ལེགས་པོ་བྱས་ནས། གཞི་རིམ་གྱི་བྱ་བར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་ཐག་གཅོད་བྱེད་ཚད་དོན་དངོས་དང་མཐུན་དགོས་ལ། ད་ལོའི་ལས་གཞིར་རྩིས་བཤེར་ནན་མོ་བྱེད་པའི་རྨང་གཞིའི་སྟེང་དུ། ས་ཁུལ་ཁག་གིས་སང་ལོའི་ལས་གཞི་དང་ལས་དོན་གལ་ཆེན་ལ་འཆར་འགོད་ཞིབ་ཚགས་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་པ་བསྟན།

                                                                               རིག་འཛིན་སྒྲོལ་མས་བསྒྱུར།