ཀྲའོ་ཡའེ་ཞ་ཡིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2021.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡའེ་ཞ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་གསར་བརྗེའི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་བྱ་བར་རྟོག་ཞིབ་བྱས་པ་དང་། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་བཟོ་སྐྲུན་རྟེན་གཞི་དང་པོའི་གནས་རྙིང་ཞིག་གསོ་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

ཉིང་རྡུལ་མཁར་གྲོང་རྗེས་དྲན་ཁང་དུ་། ཀྲའོ་ཡའེ་ཞ་ཡིས་གནས་རྙིང་བསྒྱུར་བཀོད་བཀོད་སྒྲིག་གནས་ཚུལ་ལ་བལྟས་པ་དང་། རིག་དངོས་བསྡུ་རུབ་དང་འགྲེལ་བཤད་པའི་གསོ་སྦྱོང་། གསར་བརྗེའི་སློབ་གསོ་སྤེལ་བ་སོགས་ཀྱི་བྱ་བའི་གྲུབ་འབྲས་ལ་རྒྱུས་ལོན་གསལ་བོ་བྱས། སྔོན་ཆད་ཀྱི་གཉིས་གཉིས་གཅིག་རྟེན་གཞིའི་ས་འོག་བཀོད་འདོམས་ལྟེ་གནས་དང་ཆི་ཧྥིན་བཟོ་གྲྭ་སོགས་སྲུང་སྐྱོབ་ཡུལ་གནས་སུ། རིག་དངོས་ཞིག་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་དང་མཉམ་དུ་རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་བྱ་བར་ཞིབ་འཇུག་བྱས། ཀྲའོ་ཡའེ་ཞ་ཡིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་བདེན་དཔང་བྱེད་པའི་གསར་བརྗེའི་གནས་རྙིང་སྲུང་སྐྱོབ་བཟང་བོ་དང་བེད་སྤྱོད་བཟང་བོ་བྱེད་པ། གསར་བརྗེའི་གཏམ་རྒྱུད་བཟང་བོར་བཤད་པ། མདེལ་གཉིས་སྐར་གཅིག་གི་དགོངས་དོན་གྱིས་མི་ལ་སློབ་གསོ་གཏོང་བ་དང་མི་ལ་སྐུལ་སློང་གཏོང་བ། མི་ལ་སྣེ་ཁྲིད་བྱས་ཏེ། གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་སུ་བརྒྱུད་སྒྲོག་བྱེད་པ་དང་གསར་བརྗེའི་དགོངས་དོན་ནམ་ཡང་འོད་སྟོང་འབར་བར་བྱེད་དགོས།

ཀྲའོ་ཡའེ་ཞ་ཡིས་ནན་གྱིས་བསྟན་དོན། སྲུང་སྐྱོབ་དང་བེད་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྲུང་སྐྱོབ་ཁྲོད་བེད་སྤྱོད་བྱེད་པ་དང་བེད་སྤྱོད་ཁྲོད་སྲུང་སྐྱོབ་བྱེད་པ། སྲུང་སྐྱོབ་ནན་མོ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱས་ནས། སྲུང་སྐྱོབ་དང་བེད་སྤྱོད་གཉིས་ཕན་ཚུན་རོགས་རེས་སུ་འགྱུར་བར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་གཅིག་གྱུར་སྒོས་ལག་བསྟར་བྱེད་པ། གཅིག་གྱུར་སྒོས་དོ་དམ་བྱེད་པ། ཚད་གཞི་གཅིག་གྱུར་དང་རེ་བ་གཅིག་གྱུར་བྱས་ཏེ། གསར་བརྗེའི་གནས་རྙིང་སྲུང་སྐྱོབ་དང་བདེ་སྤྱོད་ཀྱི་སྤུས་ཚད་ཆུ་ཚད་མཐོར་འདེགས་གཏོང་དགོས། ཏང་གི་ལོ་རྒྱུས་འཕེལ་རྒྱས་སུ་གཏོང་བའི་བརྗོད་སྙིང་གཙོ་ཐིག་དང་ངོ་བོར་རྒྱས་ལོན་ཡང་དག་བྱེད་པ་དང་། ལོ་རྒྱུས་སྔོག་འདོན་བྱེད་པ། ལོ་རྒྱུས་ཀྱི་དཔྱད་གཞི་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གསར་བརྗེའི་གནས་རྙིང་བསྒྱུར་བཀོད་བྱ་བ་བཟང་བོར་བསྒྲུབ་པ། ཆེད་མཁས་རང་བཞིན་གྱི་འགྲེལ་བཤད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་པ། གསར་བརྗེའི་སློབ་གསོའི་སྣང་བརྙན་སློབ་ཁྲིད་དང་གསར་བརྗེའི་གནས་སྐོར་མྱོང་ཚོར་ལམ་ཐིག་འཛུགས་སྐྲུན་བྱས་ཏེ། གསར་བརྗེའི་གནས་རྙིང་གི་མཚན་སྙན་ཀུན་ཏུ་ཁྱབ་པར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།