རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་པ་བསྒྲགས།
2021.12.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་ཉེར་ལྔ་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་། ནད་པ་སོ་དྲུག་ཕྱི་ནས་མཆེད་པ་ཡིན་ལ།  རང་ས་གནས་ཀྱི་ནད་པ་གྱ་དགུ་ཡོད། ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་དུ། ད་ཡོད་ངོས་བཟུང་བའི་ནད་པ་བསྡོམས་པས་སྟོང་གཅིག་དྲུག་བརྒྱ་ཞེ་བརྒྱད་ ཡོད། ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་བར་དུ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་འགོག་སྨན་མི་ཐེངས་ཐེར་འབུམ་གཉིས་དང་དུང་ཕྱུར་དྲུག་བྱེ་བ་དྲུག་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་སྟོང་བརྒྱད་ལ་བརྒྱབ་པ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།