མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2021.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

བྱ་བའི་ཚན་ཆུང་སོ་སོའི་དུས་རིམ་སྔོན་མའི་གྲ་སྒྲིག་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས། ཏུའུ་ཅེ་ཡིས་བསྟན་དོན། གྲ་སྒྲིག་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བ་དང་གཙོ་གནད་འབུར་དུ་ཐོན་པར་བྱས་ལ། གྲུབ་འབྲས་མངོན་གསལ་བླངས། ཚང་མས་མུ་མཐུད་དུ་སེམས་ཤུགས་གཅིག་སྒྲིལ་བྱས་ནས། བྱ་བའ་ཚད་གཞི་སྔར་ལས་མཐོན་པོ་དང་ཞབས་ཞུ་ཆུ་ཚད་སྔར་ལས་བཟང་བོ། སྤོབས་པ་སྔར་ལས་ཆེན་པོས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྤེལ་བ་དང་། ཆེས་བཟང་བོའི་བྱ་བའི་གྲུབ་འབྲས་ཀྱིས་ཚོགས་ཆེན་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འགོ་རྩོམ་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལག་བསྟར་བྱེད་པའི་མདུན་ལྗོངས་འོག་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཡིན་པས། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་ནི་ལས་བྱེད་མི་སྣ་ཡོངས་ཀྱི་ཆབ་སྲིད་ལངས་གནས་དང་ནུས་པ་འཇོན་ཐང་། བྱ་བའི་སྤྱོད་ཚུལ་བཅས་ལ་གཅིག་བསྡུས་སྒོས་ཞིབ་དཔྱད་བྱེད་པ་ཡིན་པས། ངོས་འཛིན་སྟེང་སྔར་ལས་མཐོར་འདེགས་གཏོང་བ་དང་། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས། བྲེལ་མྱུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ལ། གྲ་སྒྲིག་བྱ་བའི་ཇུས་གཞི་ལྟར། དུས་ཚོད་དང་དུས་ཚིགས་ཁོང་དུ་ཆུད་པར་བྱེད་པ་དང་། བྱ་བ་སྣ་ཚོགས་བཟང་བོ་བསྒྲུབ་དགོས། མཐུན་སྦྱོར་སྟེང་སྔར་ལས་ཤུགས་ཆེན་པོ་འདོན་པ་དང་། གྲ་སྒྲིག་བྱ་བའི་བསམ་བཀོད་གཅིག་གི་འདུ་ཤེས་བརྟན་པོ་འཛུགས་པ། བརྗེ་རེས་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱུད་རིམ་སྦྲེལ་མཐུད་དམ་པོ་བྱེད་པ་དང་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་སྲུང་བྱེད་དགོས། གཙོ་གནད་ཡང་བསྐྱར་གཏན་ཁེལ་གསལ་བོ་བྱེད་པ་དང་། གྲོས་ཚོགས་ཀྱི་དཔྱད་གཞི་ཡིག་ཆ་དང་གྲོས་འདོན་བྱ་བ། གྲོས་ཚོགས་བྱ་བ་དང་མཁོ་སྒྲུབ་འགན་སྲུང་། རིམས་ནད་འགོག་སྡོམ་བཅས་ཀྱི་སྤུས་ཚད་དམ་འཛིན་བྱེད་པ། སྔར་ལས་སྲ་བརྟན་དུ་གཏོང་བ་དང་ཞན་ཆ་ཁ་གསབ་བྱས་ཏེ། ཞིབ་ཕྲའི་གནད་དོན་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། ལག་བསྟར་བྱེད་པའི་སྟེང་སྔར་ལས་ཤུགས་འདོན་པ་དང་། བྱ་བའི་སྤུས་ཚད་དང་ལས་ཆོད་མཐོར་འདེགས་གཏོང་བ། བྱ་བ་ལག་བསྟར་བྱེད་པར་དམ་འཛིན་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་གྲ་སྒྲིག་བྱ་བ་ཡོངས་འགྲུབ་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།