རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་པ་བསྒྲགས།
2021.12.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་གྱ་གསུམ་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་། ནད་པ་སོ་དགུ་ཕྱི་ནས་མཆེད་པ་ཡིན་ལ། དེའི་ཁྲོད་ཀྱི་ནད་པ་གཉིས་ནད་རྟགས་མི་མངོན་པའི་ནད་པ་ནས་ནད་རྟགས་ངོས་བཟུང་བའི་ནད་པར་གྱུར། རང་ས་གནས་ཀྱི་ནད་པ་ཞེ་བཞི་ཡོད། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་དུ། ད་ཡོད་ངོས་བཟུང་བའི་ནད་པ་བསྡོམས་པས་སྟོང་གཅིག་དྲུག་བརྒྱ་གྱ་ལྔ་ཡོད། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་བར་དུ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་འགོག་སྨན་མི་ཐེངས་ཐེར་འབུམ་གཉིས་དང་དུང་ཕྱུར་དྲུག་བྱེ་བ་བདུན་ས་ཡ་གསུམ་དང་འབུམ་དྲུག་ཁྲི་བརྒྱད་སྟོང་བརྒྱད་ལ་བརྒྱབ་པ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།