མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཆུང་འབྲིང་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐེངས་བཞི་པ་བསྡུས།
2021.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན།    མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཆུང་འབྲིང་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐེངས་བཞི་པ་བསྡུས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཧྲིན་ཀྲང་གཞོན་པ་ཝང་ལིས་མིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།   ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་སྟེང་བསྟན་དོན།   ད་ལོར།    ཁོངས་གཏོགས་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་།   འགན་སྲུང་དྲུག་གི་བྱ་བ་བཟང་པོར་བསྒྲུབས་པ་དང་།   གཏན་འཇགས་དྲུག་གི་ལས་འགན་དོན་འཁྱོལ་བྱས་ལ།    སྲིད་ཇུས་གྱི་རྒྱབ་སྐྱོར་དང་གོང་འོག་མཐུན་སྦྱོར་རོགས་རེས་ལ་ཤུགས་བསྣན་པར་མ་ཟད།    བྱེད་ཐབས་མང་པོ་སྤྱད་དེ་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱས་པས།   ཁེ་ལས་ཆུང་འབྲིང་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    ཁོངས་གཏོགས་སྡེ་ཁག་སོ་སོས་དོན་དངོས་དང་མཐུན་པའི་སྒོ་ནས་བསམ་བློ་དང་སྦྱོར་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས་པ་དང་།   ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པར་དམ་པོར་དམིགས་པ།    ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་གཉིས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ།  སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པ།    སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ།    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནན་མོར་སྤེལ་བ་བཅས་བྱས་ཏེ་དམངས་གཉེར་དཔལ་འབྱོར་དང་ཁེ་ལས་ཆུང་འབྲིང་གི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་བསྒྱུར་བྱེད་པ་དང་དངུལ་གཏོང་དཀའ་གནད་ཐག་གཅོད་པ།    གསར་སྐྲུན་ལས་སྐྲུན་ལ་ཤུགས་སྣོན་པ།    ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ་སང་ལོར་ཁེ་ལས་ཆུང་འབྲིང་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་བྱ་བའི་འཕེལ་རྒྱས་དམིགས་འབེན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པ་དང་གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་བདེ་བླག་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

                                                                                                          ལྷ་མོ་ཚེ་རིང་གིས་བསྒྱུར།