ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2021.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་དོན་བདུན་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་བླང་བྱ་བཏོན། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུང་རིན་གཞོན་པ་མཱ་ཝེ་དང་། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་དང་ཀྲང་ཧོང་ཡོན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་ཚོགས་འདུར་ཟུར་ཞུགས་བྱས།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་དང་སྤྱིའི་བླང་བྱ། ལས་འགན་གཙོ་བོ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ཞིང་ཆེན་གྱི་དམིགས་བསལ་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱེད་པ། དམངས་ཆེན་གྱི་འགན་ནུས་ལ་རྐང་འཛུགས་པ། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བ་བརྒྱུད་དེ་ཆོས་ལུགས་བྱ་བའི་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་གཞོགས་འདེགས་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲུན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་མཐུན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་ནས། སེམས་ཤུགས་གཅིག་མཐུན་གྱིས་མཚོ་སྔོན་གྱི་དོན་དག་བཟང་པོར་སྒྲུབ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། རྒྱལ་ཡོངས་ཀྱི་ས་གནས་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་བདུན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་བརྗེ་རེས་ཚོགས་འདུ་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པར་ཡང་བསྐྱར་བཀོད་སྒྲིག་བྱས་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་མ་ཆད་པར་བསྐྲུན་པར་ཡང་བསྐྱར་སྐུལ་འདེད་བཏང་ཡོད་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཡང་བསྐྱར་བཀོད་སྒྲིག་བྱས་པ་དང་ཡང་བསྐྱར་བླང་བྱ་བཏོན་པས། ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། ཞིང་ཆེན་ཏང་ཨུ་བཅས་ཀྱི་བཀོད་སྒྲིག་དང་བླང་བྱ་ལྟར། དམངས་གཙོ་ཁྲིམས་སྐྱོང་བྱ་བའི་འགན་ནུས་གལ་ཆེན་ཕྲག་ཏུ་ཁུར་ནས། ཁྲིམས་འཛུགས་གསར་གཏོད་དང་རྐྱེན་སྲོལ་འཐུས་ཚང་། གྲུབ་འབྲས་སྤོ་སྒྱུར། མཛུབ་སྟོན་ཤུགས་སྣོན། བྱ་བའི་ཚན་ལྡན་ཅན་དང་ཚན་རིག་ཅན་དང་ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་བཅས་བྱས་ཏེ། རང་ཞིང་གི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ཆུ་ཚད་གསར་པ་ཞིག་ཏུ་སྤར་བར་མཉམ་དུ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པའི་གྲོས་གཞི་ལ་ཞིབ་འཇུག་བྱས།

ཕྱུག་ལོས་བསྒྱུར།