དབྱིན་པའེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་རྩོད་པའི་འཐུས་མིའི་ཚོགས་ཆེན་སྟེང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་རང་རྟོགས་ཀྱིས་ལག་བསྟར་བྱེད་དགོས་ཞེས་ནན་གྱིས་བསྟན།
2021.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་རྩོད་པའི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་ཟི་ལིང་དུ་ཚོགས་འགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་གྱིས་འགོ་འཛིན་བྱས། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཁྲ་ཆིན་ཅིག་ཚོགས་འདུར་ཞུགས།

དབྱིན་པའེ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་ཁྲིམས་རྩོད་པས་ལས་རིགས་ཀུན་སྤྱོད་བཟང་པོ་རྒྱུད་ལ་ཉར་བ་དང་། འགན་འཁྲི་དང་ལས་འགན་ལག་བསྟར་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་ཞིང་ཆེན་ཁྲིམས་ལྟར་སྐྱོང་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། སྐྱོད་ལམ་གསར་པ་དང་ལས་འགན་གསར་པར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཁྲིམས་རྩོད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཕྱོགས་ཡོངས་ནས་ཞིང་ཆེན་ཁྲིམས་ལྟར་སྐྱོང་བའི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་ནས། གནས་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་དོན་འཁྱོལ་བྱེད་པའི་ཐད་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།

དབྱིན་པའེ་ཡིས་ནན་གྱིས་བསྟན་དོན། རྒྱ་ཆེའི་ཁྲིམས་རྩོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་ལྔ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སེམས་ལ་དམ་པོར་བཟུང་སྟེ། ཏང་དང་མི་དམངས་ཡིད་ཚིམ་པའི་ཁྲིམས་རྩོད་པ་བཟང་པོ་ཞིག་བྱ་རྒྱུའི་མཛུབ་སྟོན་གྱི་བླང་བྱ་ལྟར། ལངས་ཕྱོགས་གསལ་བོས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཁ་ཕྱོགས་དངོས་སུ་བརྟན་པར་བྱེད་པ། ཏང་གི་བཀོད་སྒྲིག་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་བཅངས་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་བྱས་ཏེ། མི་གཙོ་བོར་འཛིན་དགོས་པ་དང་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་དགོས། ལས་རིགས་ཀུན་སྤྱོད་དང་ཆེད་ལས་ཆུ་ཚད་མཐོར་འདེགས་བྱས་ཏེ་ཁྲིམས་རྩོད་པའི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ཁྲིམས་རྩོད་པའི་ལས་རིགས་ཀུན་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ལས་གཉེར་དབང་ཆར་འགན་སྲུང་བྱེད་པ། རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་དོན་བདེ་ཐང་ངང་གོང་འཕེལ་དུ་འགྲོ་བར་ཡར་སྐུལ་བྱེད་དགོས།

ཚོགས་འདུའི་སྟེང་ཁྲིམས་རྩོད་པའི་ལས་ལ་ཞུགས་ཏེ་ལོ་ངོ་ཉེར་ལྔའི་ཡན་འགོར་བའི་ཁྲིམས་རྩོད་པའི་འཐུས་ཚབ་པར་རྗེས་དྲན་རྟགས་མ་གནང་།

ཕྱུག་ལོས་བསྒྱུར།