མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བར་ཞུགས་པའི་འཐུས་མི་འོས་སྦྱོར་དང་འདེམ་བསྐོ་བྱེད་པའི་བྱ་བའི་བཀོད་སྒྲིག་དང་གསོ་སྦྱོང་ཚོགས་འདུ་བསྡུས།
2021.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བར་ཞུགས་པའི་འཐུས་མི་འོས་སྦྱོར་དང་འདེམ་བསྐོ་བྱེད་པའི་བྱ་བའི་བཀོད་སྒྲིག་དང་གསོ་སྦྱོང་ཚོགས་འདུ་བསྡུས།

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བར་ཞུགས་པའི་འཐུས་མི་འོས་སྦྱོར་དང་འདེམ་བསྐོ་བྱེད་པའི་བྱ་བའི་བཀོད་སྒྲིག་དང་གསོ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་འཐུས་མིའི་འདེམ་བསྐོ་བྱ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱིན་པའེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

དབྱིན་པའེ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མིའི་འདེམ་བསྐོ་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་འཐུས་མི་འོས་སྦྱོར་དང་འདེམ་བསྐོ་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་སྔར་ལས་ཆེ་རུ་གཏོང་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་དམངས་གཙོ་དར་སྤེལ་གང་ལེགས་བྱེད་པ། ཚད་གཞིའི་ཆ་རྐྱེན་རྒྱུན་འཁྱོངས་བྱེད་པ། འདེམ་བསྐོའི་གོ་རིམ་འོས་སྦྱོར་ནན་མོ་བྱེད་པ། འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ། སྤུས་ཚད་ཀྱི་འགག་སྒོ། ཐོབ་ཐང་གི་འགག་སྒོ་བཅས་ནན་སྲུང་བྱེད་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་། རྩ་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས། འདེམ་བསྐོའི་སྒྲིག་ཁྲིམས་བཅས་ནན་སྐྱོང་བྱས་ཏེ་བྱང་ཚད་མཐོ་བ་དང་གྲུབ་ཚུལ་ལུགས་དང་མཐུན་པ། ཁྱབ་རྒྱ་ཆེ་བ། ཏང་ཡོན་གྱིས་བརྩི་བཀུར་བྱེད་པའི་འཐུས་མི་བདམས་ཐོན་འབྱུང་བར་ཁག་ཐེག་བྱེད་དགོས། བསམ་བློ་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཁྱོན་ཡོངས་ནས་ཞུགས་རྒྱ་ཆེ་རུ་བསྐྱེད་པ་དང་འགན་འཁྲི་ནན་ཏན་གྱིས་བསྒྲུབ་པ། ཁེ་དབང་ཡང་དག་པར་སྤྱོད་པ། འཐུས་མི་འོས་སྦྱོར་དང་འདེམ་བསྐོ་བྱ་བ་སྤུས་ཚད་མཐོ་བའི་ངང་ཡོངས་འགྲུབ་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཟེར།

བཀོད་སྒྲིག་ཚོགས་འདུའི་རྗེས་སུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འཐུས་མི་འོས་སྦྱོར་དང་འདེམ་བསྐོ་བྱ་བའི་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་དང་འགག་རྩའི་ལྷུ་ཚིགས། གཙོ་གནད་གནད་དོན་སོགས་ཀྱི་ཐད་ནས་ཆེད་དོན་གསོ་སྦྱོང་བྱས།

ཤ་བོ་གསེར་མཚོས་བསྒྱུར།