ཞིང་ཆེན་ཡོངས་ཀྱི་གཞི་གྲངས་དཔལ་འབྱོར་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2021.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་དཔལ་འབྱོར་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ལི་མེན་གྱིས་བསྟན་དོན། ད་ལོ་ནས་བཟུང་ས་ཁུལ་དང་ལས་ཁུངས་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པ་དང་། མཉམ་འབྲེལ་དམ་ཟབ་དང་སྙིང་སྟོབས་ཆེར་བསྐྱེད་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་དཔལ་འབྱོར་སྤྱི་འབོར་ལོ་རེ་བཞིན་ཇེ་མཐོར་འགྲོ་བ་དང་ཐོན་ལས་གཞི་རྒྱུ་རིམ་བཞིན་རྒྱ་བསྐྱེད་པ། རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དང་ཞབས་ཞུའི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་ནས་ཨང་ཀིའི་དཔལ་འབྱོར་འཕེལ་རྒྱས་ཐད་མཚོ་སྔོན་གྱི་ཁྱད་ཆོས་དང་མཚོ་སྔོན་གྱི་རྣམ་པ་མངོན་ཡོད།

ཝང་ལི་མེན་གྱིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་ལྔ་བའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་དང་བླང་བྱ་ལྟར། དཀའ་གནད་སེལ་བ་དང་གོ་སྐབས་དམ་འཛིན་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ས་ཁུལ་བཞིའི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ཐཱན་སྙོམས་སྦྱོར་དང་ཐཱན་རྩེར་སོན་གྱི་དམིགས་འབེན་ལ་དམ་དུ་དམིགས་ནས་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་ཀྱི་གསར་གཏོད་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། བྱེད་ནུས་ཀྱི་སྣ་འཛོམས་འཕེལ་རྒྱས་ལ་གཙིགས་ཆེན་བྱེད་དགོས། ཆེད་ལས་ཁྱབ་ཁོངས་ཀྱི་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གསར་གཏོད་ནུས་པར་ཤུགས་རྒྱག་དགོས་ལ། བེད་སྤྱོད་ཁྱབ་ཁོངས་ལ་ཤུགས་སྣོན་པ་དང་མུ་མཐུད་དུ་སྲིད་གཞུང་གཞི་གྲངས་ཅན་གྱི་བཅོས་སྐྱོང་བྱེད་ནུས་མཐོར་འདེགས་གཏོང་དགོས། ཤུགས་ཆེན་པོས་གཞི་གྲངས་མཚོ་སྔོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།

ཚོགས་ཐོག་ཏུ་ཉིས་སྟོང་ཉེར་གཉིས་ལོའི་མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་བྱེད་ཐབས་ལ་ཞིབ་འཇུག་བྱས།

མི་ཕམ་མགོན་པོས་བསྒྱུར།