སྐབས་དང་པོའི་མཚོ་སྔོན་གྱི་མིག་དཔེ་ཞེས་པའི་དྲིལ་སྒྲོག་ཁྱབ་བསྒྲགས་བྱ་འགུལ་ཟི་ལིང་ནས་སྤེལ།
2021.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཉིན་རེའི་ཚགས་པར་བཅས་ཀྱིས་རོགས་སྒྲུབ་བྱས་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་ཁུར་ནས་སྒྲུབ་པའི་སྐབས་དང་པོའི་མཚོ་སྔོན་གྱི་མིག་དཔེ་ཞེས་པའི་དྲིལ་སྒྲོག་ཁྱབ་བསྒྲགས་བྱ་འགུལ་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ཟི་ལིང་ནས་སྤེལ། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན། མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ཆེད་དོན་སྨན་ཁང་གི་སྔོན་ཆད་ཀྱི་ཞིབ་འཇུག་མི་སྣ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་དང་། ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་དཔོན་པོ་ཀྲང་ཅིན་མེ། ཨ་ཆེན་གངས་རྒྱབ་སྐོར་ཞིབ་རུ་ཁག་གཙོ་བོ་བཅས་སྐབས་དང་པོའི་མཚོ་སྔོན་གྱི་མིག་དཔེ་ཞེས་པའི་མཚན་སྙན་ཐོབ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་མཚོ་སྔོན་གྱི་མིག་དཔེའི་འཐུས་ཚབ་མི་སྣར་ཐུག་འཕྲད་བྱས་པར་མ་ཟད། ཚང་མར་རྟེན་འབྲེལ་དང་དད་གུས་ཞུས། ཁོ་མོས་བསྟན་དོན། མཚོ་སྔོན་གྱི་མིག་དཔེ་ནི་ཞིང་ཆེན་ཡོངས་ཀྱི་གུང་ཁྲན་ཏང་ཡོན་གྱི་ཕུལ་བྱུང་འཐུས་མི་དང་མིག་དཔེ་ཡིན་པས། ཁོ་ཚོའི་འབད་འཐབ་གཙོར་འཛིན་པའི་བླ་མེད་ཀྱི་གཤིས་རྒྱུད་དང་། འགན་འཁྲི་ཡིད་ལ་འཛིན་པའི་ཁྱད་ཆོས། སྤྱོད་གཙང་ཚད་མཐའ་རུ་བྱས་པའི་གཞི་མདངས་ལ་སློབ་སྦྱོང་བྱས་ནས། རང་འགན་ལ་རྐང་འཛུགས་པ་དང་བྱས་རྗེས་འཇོག་དགོས། ཁོ་མོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་མིག་དཔེའི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་བཟང་བོར་སྤེལ་བ་དང་། སེམས་ཤུགས་སྤྱད་དེ་མཚོ་སྔོན་གྱི་མིག་དཔེའི་གཏམ་རྒྱུད་བཟང་བོར་བཤད་དེ། མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

མཚོ་སྔོན་གྱི་མིག་དཔེ་ནི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་འབུར་ཐོན་བྱས་རྗེས་བཞག་པ་དང་མང་ཚོགས་ཀྱིས་ཁས་ལེན་པ། མིག་དཔེ་རུ་བྱེད་ཆོག་པའི་དཔེ་མཚོན་ཡིན་ལ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་གཟེངས་བསྟོད་ཐོབ་པའི་འོས་མི་ཁྲོད་ངོ་སྤྲོད་བྱས་ནས་བྱུང་བ་ཡིན་པ་དང་། དེའི་དམིགས་འབེན་ནི་དྲིལ་སྒྲོག་ཁྱབ་བསྒྲགས་བྱས་པ་བརྒྱུད་དེ། དཔེ་མཚོན་གྱི་སྣེ་ཁྲིད་དང་དཔེ་སྟོན། སྐུལ་སློང་གི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱས་ནས། སྤྱི་ཚོགས་ཡོངས་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་ལ་སློབ་སྦྱོང་བྱེད་པ་དང་དཔའ་བོར་བརྩི་བཀུར་བྱེད་པ། གདོང་ལེན་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་གསར་བ་འཇོག་པར་སྣེ་ཁྲིད་བྱེད་རྒྱུ་དེ་རེད།

རིན་ཆེན་མཚོས་བསྒྱུར།