ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས།
2021.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན།   ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ།    ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་།    ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས།     ཏུའུ་ཅེ་དང་ཝང་ཀྲིན་ཁྲང་གཉིས་ཀྱིས་སོ་སོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་བྱས།

གྲོས་ཚོགས་སྟེང་བལྟས་ན།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་།    ད་ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བ་སོ་སོར་སྤྱི་སྡོམ་ནན་མོ་བྱས་ལ།    མིག་སྔའི་གནས་བབ་ལ་དབྱེ་ཞིབ་ཡང་དག་བྱས་པར་མ་ཟད།    ཉིས་སྟོང་ཉེར་གཉིས་ལོའི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་སང་ལོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་བྱས་པ་དང་།   བསྲུང་བྱ་འདོན་སྤྲོད་བྱས་ལ།   བཀའ་བརྡ་ཡང་བཏང་བར་འདོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན།  ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་།    སྔར་ལས་མཐོ་བའི་ཆབ་སྲིད་ལངས་གནས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་བྱེད་པ།      ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་མངོན་གསལ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ཀྱི་མིག་སྔའི་གནབ་བབ་ཐད་ཀྱི་ཡང་དག་པའི་བརྡར་གཅོད་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་རྩོད་སྒྲུབ་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་གནས་བབ་ཆེན་མོར་རྒྱུས་ལོན་ཡང་དག་བྱེད་དགོས།    ཚང་འཛོམས་གྲོས་ཚོགས་ཀྱི་སང་ལོའི་བྱ་བའི་ཕྱོགས་བསྡུས་བསམ་ཕྱོགས་དང་བཀོད་སྒྲིག་བླང་བྱར་རྒྱུས་ལོན་ཟབ་མོ་བྱེད་པ་དང་།   འགན་འཁྲིའི་བླང་བྱ་གཏན་འཁེལ་གསལ་བོ་བྱེད་པ།   འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ།    བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་།  སྲིད་གྲོས་ཀྱི་བྱ་བར་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས།    གྲོས་མོལ་སྲིད་གླེང་ཁྲོད་དོན་འཁྱོལ་དམ་འཛིན་བྱེད་དགོས་ཏེ།   ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྟར་སང་ལོའི་གྲོས་མོལ་སྲིད་གླེང་གི་གལ་ཆེའི་ནང་དོན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་བརྟག་དཔྱད་ཞིབ་འཇུག་གི་ཇུས་གཞི་གཏན་འཁེལ་གསལ་བོ་བྱེད་པ།   འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱས་ནས་གྲོས་མོལ་སྲིད་གླེང་བྱ་འགུལ་རྩ་འཛུགས་བཟང་བོ་བྱེད་པ།    གནས་བཞི་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་གཙོ་གནད་བྱ་བར་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་དགོས།   ཐུན་མོང་གི་འདུ་ཤེས་གཅིག་སྡུད་བྱེད་པའི་ཁྲོད་དོན་འཁྱོལ་དམ་འཛིན་བྱེད་དགོས་ཏེ།   སྲིད་གྲོས་ཀྱི་ལས་རིགས་གཅིག་པའི་བྱེད་ནུས་དང་ཨུ་ཡོན་གྱི་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་པ་དང་སློབ་སྦྱོང་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་དང་ལྟ་ཞིབ་སོགས་གོ་སྐབས་བེད་སྤྱོད་བཟང་བོ་བྱེད་པ།    རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱེད་པ།   ཚད་ཆེས་མཐོ་བའི་སྒོ་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས།       སྤྱོད་ཚུལ་འཛུགས་སྐྲུན་ཁྲོད་དོན་འཁྱོལ་དམ་འཛིན་བྱེད་དགོས་ཏེ།   མང་ཚོགས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ།    སྤུས་ཚད་བླང་བྱ་དོན་འཁྱོལ་བྱེད་པ།    གསར་སྐྲུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་དགོས།    ལས་ཁུངས་འཛུགས་སྐྲུན་ཁྲོད་དོན་འཁྱོལ་དམ་འཛིན་བྱེད་དགོས་ཏེ།   ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་།   སྐོར་ཞིབ་དག་ཐེར་རྗེས་ཀྱི་བྱ་བ་ནན་པོ་བསྒྲུབ་པ།   སྲིད་གྲོས་ལས་ཁུངས་ཀྱི་བྱ་བ་སོ་སོའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བ།    ཤུགས་ཆེན་པོས་སློབ་སྦྱོང་བྱེད་འདོད་པ་དང་ལག་ལེན་བྱེད་ཐུབ་པ།   ཁག་ཁུར་བྱེད་ཕོད་པ།   མཐུན་སྒྲིལ་འབད་འཐབ་བཅས་ཀྱི་སྣང་ཚུལ་སྟུག་པོ་བསྐྲུན་ཏེ་དཔེ་སྟོན་ལས་ཁུངས་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།

ཀྲང་ཝུན་ཁུའེ་དང་མཱ་ཧའེ་དབྱིན།   ཀྲང་ཞའོ་རོང་།    ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།   རིན་ཆེན་རྣམ་རྒྱལ་དང་ཏུའུ་ཏི་ཀྲི་གཉིས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།