ཚེ་རིང་ཐར་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱས།
2021.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ12པའི་ཚེས27ཉིན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་མཚོ་སྔོན་མི་རིགས་སློབ་ཆེན་དུ་སོང་ནས་བསམ་བློ་ཆབ་སྲིད་ཐད་ཀྱི་སློབ་ཁྲིད་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ནམ་ཡང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སློབ་གསོའི་ཐོག་མའི་བསམ་འདུན་དུ་བརྩིས་ནས་མཚོ་སྔོན་ལ་ཚད་ལྡན་ཅན་གྱི་འཇོན་མི་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་ཟེར།

ཚེ་རིང་ཐར་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱེད་པར་དམིགས་ནས་གཏན་འཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ཐད་ཀྱི་ངོས་འཛིན་གླེང་། ཁོས་ནན་གྱིས་བསྟན་དོན། གཏན་འཁེལ་གཉིས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དགོས་མཁོ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་དགོས་མཁོ་ཡིན་ལ། ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་འགན་སྲུང་བྱེད་པའི་དགོས་མཁོ་ཡང་ཡིན་པས། གཏན་འཁེལ་གཉིས་ཀྱི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་མུ་མཐུད་དུ་སྲུང་སྐྱོང་དང་ཇེ་དྲག་ཏུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

ཚེ་རིང་ཐར་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་གཙོ་སྙིང་ཡིན་ཞིང་། ཁྱད་པར་དུ་མི་རིགས་སློབ་གསོའི་ལས་འགན་གཙོ་བོ་ཡིན་པས། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཏང་གི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་དེ་སློབ་སྒྲུབ་ལ་བརྟེན་ནས་སློབ་གྲྭ་སྐྱོང་བ་དང་དཔེ་ཁྲིད་མི་སྐྱོང་གི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་བརྗོད་བྱ་གཙོ་བོ་དང་དམ་པོར་འབྲེལ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཞིབ་འཇུག་ལ་ཤུགས་སྣོན་དང་། མི་རིགས་སོ་སོའི་དགེ་སློབ་ཚོས་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དགེ་མཚན་འདོན་སྤེལ་བྱེད་པ་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། རང་འགུལ་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་གནས་བཞིའི་འཛུགས་སྐྲུན་ཁྲོད་ཞུགས་ནས་ངེས་པ་དོན་གྱིས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེབས་ཞུ་བའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་དགོས།

ཤ་བོ་གསེར་མཚོས་བསྒྱུར།