མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་དང་གྲོང་ཁྱེར་དང་ཁུལ་སྲིད་གྲོས་ཀྱི་སློབ་གསོ་དང་ཚན་རིག འཕྲོད་བསྟེན། ལུས་རྩལ་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་གྲོས་ཚོགས་བསྡུས།
2021.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་དང་གྲོང་ཁྱེར་དང་ཁུལ་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། ད་ལོའི་བྱ་བ་སྤྱི་སྡོམ་བྱས་པ་དང་སང་ལོའི་བྱ་བའི་བསམ་གཞིགས་ལ་གྲོས་སྡུར་བྱས་ལ། ཨུ་ཡོན་གྱི་འགན་སྒྲུབ་དང་ཕུལ་བྱུང་ཨུ་ཡོན་གྱི་དཔྱད་འདེམ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སློབ་གསོ་ཚན་རི་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཕྱོགས་སྟོན་ལ་གྲོས་སྡུར་བྱས་ནས་གྲོས་འཆམ་བྱུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ཏུ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་བརྗེ་རེས་གཏམ་བཤད་སྤེལ། ཚང་མས2021ལོར་ཞིང་ཆེན་སྲིད་གྲོས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་པ་དང་། སྤྱི་ཚོགས་ཀྱི་གནད་དོན་གཙོ་བོར་དམ་དུ་དམིགས་ཤིང་བྱ་བའི་བྱེད་ཐབས་གསར་གཏོད་བྱས་ལ། ཨུ་ཡོན་གྱིས་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་སྟེང་ཤུགས་འདོན་པར་རྩ་འཛུགས་བྱས་པས། སྤུས་ཚད་མཐོ་ཞིང་གྲུབ་འབྲས་བཟང་བའི་འགན་སྒྲུབ་གྲུབ་འབྲས་གྲུབ་པར་བྱས་ལ། འབྲེལ་ཡོད་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་། ལྷག་པར་དུ་ཐོག་མར་ལས་རིགས་སོ་སོའི་ཨུ་ཡོན་གྱི་བྱ་བའི་ཁང་བཙུགས་པ་དང་། ཨུ་ཡོན་འགུལ་སྐྱོད་བྱེད་བཞིན་པ་ཞེས་པའི་ཚོང་རྟགས་དར་སྤེལ་གཏོང་བར་སྐུལ་འདེད་བཏང་ལ། ཆེད་དོན་དམངས་གཙོ་ལྟ་སྐུལ་སོགས་ཀྱི་བྱ་བ་སྤེལ་བ་དང་། འགན་སྒྲུབ་ནུས་པ་ཇེ་ཆེར་བཏང་བ་དང་འགན་སྒྲུབ་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། མང་ཚོགས་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་བཏང་བ་དང་སྲིད་གྲོས་ཀྱི་སྣང་ཚུལ་བཟང་པོ་བསྐྲུན་ཡོད་ཟེར།

ཝང་ཞོན་གྱིས་གཏམ་བཤད་སྐབས་བསྟན་དོན། 2022ལོ་ནི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་བྱ་བའི་མཇུག་བསྡུ་བའི་ལོ་ཡིན་པས། རིམ་པ་སོ་སོའི་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ལངས་གནས་མཐོར་འདེགས་གཏོང་བ་དང་སྤྱི་ཡོངས་ལ་དམིགས་པ། གསར་སྤེལ་མདུན་སྐྱོད། རང་འགུལ་གྱིས་ཁག་ཁུར་བྱེད་པ། ཨུ་ཡོན་གྱི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱེད་པ། རྟོག་ཞིབ་གྲོས་མོལ་གྱི་བྱ་བ་བཟང་པོར་བསྒྲུབ་པ། བྱ་བ་སྣ་ཚོགས་ཀྱི་མཉམ་ཤུགས་ཇེ་ཆེར་གཏོང་བ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་ངང་བྱ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ། སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཐད་ནས་གྲུབ་འབྲས་གསར་པ་ལེན་པ་དང་། འཕེལ་རྒྱས་གསར་པ་མངོན་འགྱུར་བྱེད་པ་དང་ཆུ་ཚད་གསར་པ་ཞིག་ཏུ་བསླེབ་པར་བྱས་ནས། གྲུབ་འབྲས་བཟང་པོས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།