ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཡོད་པའི་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
2021.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་བའི་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཡོད་པའི་ལས་ཁུངས་ཀྱིས་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ་དང་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུ་བ་སོགས་ཀྱི་རྣམ་པས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ལག་བསྟར་བཅས་བྱས་པ་དང་། སོ་སོའི་དོན་དངོས་དང་སྦྲེལ་ནས་བྱ་བ་བཀོད་སྒྲིག་དང་ལག་བསྟར། དོན་འཁྱོལ་བཅས་བྱས།

ཚང་མས་སློབ་སྦྱོང་བྱེད་སྐབས་གཅིག་གྱུར་གྱིས་བལྟས་ན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ད་ལོའི་དཔལ་འབྱོར་བྱ་བ་སྤྱི་སྡོམ་དང་སང་ལོའི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། དེས་ཞིང་ཆེན་ཏང་ཨུས་མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པའི་མིག་རྒྱང་རིང་པོ་མཚོན་ཞིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤུས་ཚད་མཐོན་པོས་སང་ལོའི་དཔལ་འབྱོར་སྤྱི་ཚོགས་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་པར་ཁ་ཕྱོགས་དང་ཐབས་ལམ་གསལ་བོར་བསྟན་ཡོད་པར་འདོད།

ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་ལྟར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་དང་སྦྱོར་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་ལས་འགན་གལ་ཆེན་གྱི་སྟེང་གཅིག་གྱུར་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དངོས་སུ་འབད་བརྩོན་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞུམ་མེད་ཡར་བརྩོན་གྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་བསམ་གཞིགས་དང་། སྣེ་ཁྲིད་དེ་དྲིལ་སྒྲོག་དང་ཁྲིད་སྟོན། སྣེ་ཁྲིད་དེ་འབད་བརྩོན་དང་དངོས་སྒྲུབ་བཅས་བྱས་ཏེ། སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས་ཤིང་། མཚོ་སྔོན་གྱི་དོན་དག་རེ་རེ་བཟང་པོར་བསྒྲུབ་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་ཀྱི་ལས་འགན་རེ་རེ་དངོས་འཛིན་བྱེད་པ། བརྟན་བརླིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག སྤྱོད་བཟང་དག་གཙང་གི་ཆབ་སྲིད་ཁོར་ཡུག་བཅས་བསྐྲུན་ནས། བརྩོན་སེམས་ཆེན་པོ་དང་ཞུམ་མེད་སྤོབས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

ཕྱུག་ལོས་བསྒྱུར།