ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ཏེ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་སྒོར་བྱེ་བ་གཉིས་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལས་དོན་ཐད་བྱིན།
2021.12.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ཏེ་དོ་དམ་བྱས་པའི་ཏང་དངུལ་གྱི་ཁྲོད་ནས་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གཉིས་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ལ་སྤྲད་དེ། ཞི་ཨན་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ལས་དོན་ལ་རྒྱབ་སྐྱོར་བྱས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བསྟན་དོན། ཏང་དངུལ་དེ་གཙོ་བོ་རིམས་ནད་འགོག་སྡོམ་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པའི་སྨན་བཅོས་ལས་བྱེད་པ་དང་། གཞི་རིམ་ཏང་ཡོན་དང་ལས་བྱེད་པར་འཚམས་འདྲི་བྱེད་པ་དང་།  གཞི་རིམ་ཏང་རྩ་འཛུགས་ཀྱིས་རིམས་ནད་འགོག་སྡོམ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པའི་གོ་རིམ་ཁྲོད་དུ། རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་སྨན་རྫས་དང་དངོས་རྫས་སོགས་ཉོ་སྒྲུབ་བྱེད་པ། པྲོག་གསར་གློ་ཚད་བྱུང་ནས་འཚོ་བར་དཀའ་ངལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྟེར་བ་བཅས་ཀྱི་ཐད་སྤྱོད་རྒྱུ་རེད། ཧྲན་ཞི་ཞིང་ཆེན་གྱིས་མ་ལག་ཚང་བའི་སྒོ་ནས་མ་དངུལ་དོན་འཁྱོལ་བྱས་ནས། ཞི་ཨན་གྲོང་ཁྱེར་དང་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་མཛུབ་སྟོན་བྱས་ཏེ། ཏང་དངུལ་དེ་གཞི་རིམ་ལ་དུས་ཐོག་ཏུ་འཕྲོད་པར་བྱས་ནས་ཆེད་དངུལ་ཆེད་སྤྱོད་ཐུབ་པར་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།