ཞི་ཅིན་ཕིང་དང་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་གིས་རྒྱལ་ཁབ་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བར་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 
2022.01.06 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 7

ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིན་ཕིང་དང་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ལ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བར་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་། ཀྲུང་གོ་ནི་ཐོག་དང་པོར་ཐུའུ་ཁུའུ་མན་སི་ཐན་བར་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཡིན་པ་དང་། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་དུས་གཏན་དུ་དབུས་གནས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་སྐོར་དང་པོ་ཡིན་ལ། ཐུའུ་ཁུའུ་མན་སི་ཐན་གྱིས་ཐོག་དང་པོར་ཆབ་སྲིད་ཡིག་ཆའི་རྣམ་པས་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏན་འཁེལ་བྱས་པར་མ་ཟད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་རང་བྱུང་སོལ་རླངས་ཀྱི་ཉོ་ཚོང་གྲོགས་པོ་ཆེས་ཆེན་པོ་ཡིན། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱིས་ཁེ་ཕན་བསྐྲུན་ཡོད་ལ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་དུའང་བྱས་རྗེས་གལ་ཆེན་བཞག་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། སྔར་བཞིན་དུ་ཐུའུ་ཁུའུ་མན་སི་ཐན་ཕྱོགས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་འགྲོ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་སྒེར་ཚུགས་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་དུས་གཏན་དུ་དབུས་གནས་སྲིད་ཇུས་ལག་བསྟར་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། བདག་གིས་ཁྱེད་བར་གྱི་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱས་དང་། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བ་གོ་སྐབས་སུ་བྱས་ཏེ། བསྟུད་མར་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། 

པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་ཡིས་བསྟན་དོན། འབྲེལ་བ་བཙུགས་པའི་ཚུན་ལ། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཆེས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་མཉམ་ལས་བཟང་བོ་བྱས་པ་དང་། ཐུན་མོང་མ་ཡིན་པའི་རིམ་པ་མང་བོའི་རོགས་རེས་རྐྱེན་སྲོལ་བཙུགས་ཡོད། ཀྲུང་གོ་བསྟུད་མར་ལོ་མང་བོར་ཐུའུ་ཁུའུ་མན་སི་ཐན་གྱི་ཉོ་ཚོང་གྲོགས་པོ་གཙོ་བོ་གྱུར་ཡོད་ལ། དེ་ནི་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ཀྱི་མངོན་གསལ་གྱི་རྣམ་པ་ཞིག་རེད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། འདྲ་མཉམ་མཉམ་གནས་དང་ཕན་ཚུན་བརྩི་འཇོག ཕན་ཚུན་གྱི་ཁེ་ཕན་ལ་གཟིགས་སྐྱོང་བྱེད་པའི་རྩ་དོན་གྱི་རྨང་གཞིའི་སྟེང་ཀྲུང་གོའི་བར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཤུགས་ཆེན་པོས་ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོར་བསླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།