མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2022.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དང་པོའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཤིས་ཚིག་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་ལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་ཏང་ཙུའུ་བཅས་ཀྱི་ལོ་ཧྲིལ་བོའི་བྱ་བའི་སྙན་ཞུ་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ནི་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་དུས་སྐབས་གལ་ཆེན་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་གྱི་རྒྱལ་ཁ་ལག་ཆེན་བླངས་པ། ཏང་གི་ལོ་རྒྱུས་གལ་ཆེན་གྱི་གྲོས་ཆོད་གསུམ་གྲུབ་པར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་གལ་ཆེན་སྤེལ་བ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་འགོ་རྩོམ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པའི་དུས་སྐབས་སུ། ཏང་གི་སྒྲིག་ཡིག་གི་གཏན་ཁེལ་ལྟར་སྤེལ་བའི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཡིན་ལ། ཏང་ཡོངས་ལ་ཚད་ཤིང་བཙུགས་པ་དང་མིག་དཔེ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི། ཆབ་སྲིད་སློབ་ཁྲིད་དང་ཏང་གཤིས་སློབ་ཁྲིད་གལ་ཆེན་ཡིན་ལ། ང་ཚོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུ་བའི་ཐད་བསམ་བློ་དང་གཞུང་ལུགས། དགོངས་དོན། སྤྱོད་ཚུལ་གྱི་གྲ་སྒྲིག་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་ན། ཀྲུང་དབྱང་ཆབ་སྲིད་ཅུའུ་མིག་དཔེ་རུ་བྱེད་པ་དང་། རང་ཉིད་དེའི་ཁྲོད་འཇོག་པ་དང་འགན་འཁྲི་དེའི་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་འཇོག་པ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོ་བའི་ཆེད་དོན་དམངས་གཙོ་འཚོ་བར་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི2022ལོའི་ལུགས་གསར་ལོ་སར་གྱི་ཤིས་ཚིག་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་སར་ཇ་སྟོན་གྲོས་ཚོགས་གི་གསུང་བཤད་གལ་ཆེན་གྱིས། ན་ནིང་གི་འཕེལ་རྒྱས་གྲུབ་འབྲས་ལ་ཕྱིར་བལྟ་བྱས་པ་དང་། ད་ལོའི་མཛེས་སྡུག་གི་འཐབ་ལམ་ལ་རྒྱང་ལྟ་བྱས་ལ། མི་དམངས་གཙོ་འཛིན་གྱིས་ཏང་དང་རྒྱལ་ཁབ་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་ཁག་ཁུར་མཚོན་པར་བྱས་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུ་དང་རྨ་ཆུ་སྟེ་མ་ཡུམ་ཆུ་བོའི་བསྔགས་བརྗོད་དང་། མཚོ་སྔོན་པོ་དང་གཙོད་ལ་བསྔགས་བརྗོད་བྱས་པ་དེ་ནི། མཚོ་སྔོན་གྱི་རིགས་སོ་སོའི་བུ་དང་བུ་མོའི་གཟི་བརྗིད་ཡིན་ལ། མཚོ་སྔོན་ལ་ཐུགས་ཁུར་བྱེད་པ་དང་རེ་བ་ཆེན་པོ་བཅངས་ཡོད་པ་མཚོན་པས། མི་སེམས་འགུལ་བར་བྱེད། ཆེས་ཆེ་བ་གསུམ་ནམ་ཡང་ཡིད་ལ་དམ་པོར་འཛིན་པ་དང་། བདེ་འཇགས་གསུམ་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ། ཐུགས་ཁུར་ལ་གཅེས་སྤྲས་བྱེད་པ་དང་རེ་བ་དང་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར། དུས་རབས་གསར་བར་བྱས་རྗེས་འཇོག་པ་དང་འཐབ་ལམ་གསར་བར་ཧུར་ཐག་གིས་བསྐྱོད་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས་ནས། སྲིད་གཞུང་དང་ཚོང་ར། ཚན་རྩལ་དང་མི་ཆོས། སློབ་ཆེན་དང་བསླབ་ཚན། རྒན་གསོ་དང་འགན་སྲུང་སོགས་ཕྱོགས་ཀྱི་བཅོས་བསྒྱུར་བྱ་བར་དམིགས་ནས་རེ་བ་གལ་ཆེན་བཏོན་པ་དང་། ང་ཚོས་འཕེལ་རྒྱས་གཏན་འཇགས་དང་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་བཅོས་བསྒྱུར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བྱ་བའི་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས། ཀྲུང་དབྱང་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་རེ་བར་དམིགས་ནས། འཕེལ་རྒྱས་ཀྱི་དགོས་མཁོ་དང་གཞི་རིམ་གྱི་རེ་སྒུག དམངས་ཚིས་འགན་སྲུང་ལ་དོ་སྣང་བྱེད་པ། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་གནད་འགག་གི་བྱེད་ཐབས་རྒྱུན་མཐུད་ངང་བཀོལ་སྤྱོད་བྱས་ཏེ། འཕེལ་རྒྱས་ལ་ཚོད་འགོག་བྱེད་པའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་དོ་སྣང་བྱེད་པའི་འབུར་ཐོན་གནད་དོན། སྒྲིག་གཞི་རྐྱེན་སྲོལ་ཁྲོད་ཀྱི་མི་འཚམ་པའི་གནད་དོན་ཐག་གཅོད་པ་དང་། བཅོས་བསྒྱུར་གྱི་སྤུས་ཚད་མཐོན་པོར་བརྟེན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་རིག་མཐུན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བ་འགོ་རྩོམ་པའི་མཛད་སྒོ་སྟེང་གི་གསུང་བཤད་གལ་ཆེན་གྱིས། རྩོམ་རིག་སྒྱུ་རྩལ་ལས་དོན་དང་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱིས་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་གཅིག་མཐུན་བྱེད་པ་དང་ཡིད་རྟོན་གྱི་བློ་ཁ་དང་གཅིག་མཐུན་བྱེད་པ། དུས་རབས་དང་མཉམ་བསྐྱོད་བྱེད་པ། མི་དམངས་དང་མཉམ་གནས་བྱེད་པར་སྣེ་ཁྲིད་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིག་གནས་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རིག་གནས་སྒྱུ་རྩལ་བྱ་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། དུས་རབས་ཀྱི་སྙིང་བཅུད་ལ་རྒྱུས་ལོན་བྱེད་པ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཇེ་བརྟན་དུ་གཏོང་བ་སོགས་ལ་དམིགས་ནས་དུས་རབས་ཀྱི་ཁྱད་ཆོས་ལྡན་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་བཟང་བོ་གསར་རྩོམ་བྱེད་པ། རིག་གནས་ཐད་ཀྱི་མི་གསར་བ་སྐྱེད་སྲིང་བྱས་ནས་དྲ་རྒྱའི་རིག་གནས་ཀྱི་འཕེལ་རྒྱས་དང་མཐུན་པར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་རེ་བ་སྐོང་དགོས།

ཚོགས་ཐོག་ནས་བསྟན་དོན། ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པ་ནི་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་རྨང་གཞི་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་རེ་བ་གལ་ཆེན། ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་ཅན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བ། རྨོ་ཞིང་སྲུང་སྐྱོབ་བཅས་དོན་ཆེན་གསུམ་ལ་དམ་དུ་དམིགས་པ། ཞིང་སྡེ་འཕེལ་རྒྱས་དང་ཞིང་སྡེ་འཛུགས་སྐྲུན། ཞིང་སྡེ་བཅོས་སྐྱོང་གི་ལས་འགན་གསུམ་དམ་འཛིན་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པའི་ཤུགས་འདོན་ས་དང་གྲོང་གསེབ་དར་སྤེལ་གྱི་འགོ་ཚུགས་ས། རྣམ་པ་གསར་བའི་མཁར་གྲོང་འབྲེལ་བའི་ཟུང་འབྲེལ་བྱེད་ས་བཅས་སྣེ་གསུམ་ཁོང་དུ་ཆུད་པར་བྱེད་པ་དང་། མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཁྱད་ཆོས་དང་ཚོང་རྟགས། སྤུས་ཚད་བཅས་གནད་འགག་གསུམ་འབུར་དུ་ཐོན་པར་བྱེད་པ། ཞིང་ལས་ཀྱི་ཐོན་ཚད་གཏན་འཇགས་སུ་གཏོང་བ་དང་མཁོ་འདོན་འགན་སྲུང་བྱེད་པ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ། ཞིང་སྡེའི་གཏན་འཇགས་འཆམ་མཐུན་བཅས་ཀྱི་དམིགས་འབེན་གསུམ་མངོན་འགྱུར་བྱས་ཏེ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བར་རྐང་འཛུགས་པ་དང་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་ཐད་ནས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་ལག་ཆེན་ཡིན། སློབ་སྦྱོང་གིས་མི་ཡར་ཐོན་བྱེད་ཐུབ་པ་དང་། སློབ་གསོས་མི་ལ་ཕན་འདོགས་ཐུབ་ལ། ཏང་གི་ལོ་རྒྱུས་ནི་གུང་ཁྲན་ཏང་མིའི་འབད་འཐབ་ཀྱི་གྲུབ་འབྲས་ཡིན་པ་དང་། གུང་ཁྲན་ཏང་མིའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན་ལ། ང་ཚོ་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁ་ནས་རྒྱལ་ཁ་རུ་བསྐྱོད་པའི་ཐབས་མཆོག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ནས་སྙིང་བཅུད་དང་རིག་སྟོབས་བསྡུ་ལེན་བྱེད་པ་དང་། ཡིད་ཆེས་དང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་སྲོལ་ཅན་དང་ཡུན་ཕན་ཅན་གྱི་རྐྱེན་སྲོལ་བཙུགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། བསམ་བློ་ཐད་ནས་ཏང་འཛུགས་པ་དང་ལམ་ལུགས་ཐད་ནས་ཏང་བཅོས་སྐྱོང་བྱེད་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ང་ཚོ་ཏང་གི་ཁྱད་ཆོས་མངོན་གསལ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཚན་རིག་གི་གཞུང་ལུགས་ལ་བརྟེན་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པ། ཏང་འཛུགས་སྐྲུན་གྱི་ཤུགས་འདོན་ས་དེ་གཏན་ཁེལ་གཉིས་ཀྱི་སྟེང་གཅིག་བསྡུ་བྱེད་དགོས། རླབས་ཆེ་བའི་རང་ཉིད་གསར་བརྗེ་ཡིས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་དགོས། བཀག་སྡོམ་ལ་བརྟེན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་བཅས་ཀྱི་བྱ་བའི་སྙན་ཞུ་ལ་ཉན་པ་ནི། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་ལག་བསྟར་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཡིན། ལོ་གཅིག་རིང་ལ། ཞིང་ཆེན་རིམ་པའི་ཚན་ཁག་གི་ཏང་ཙུའུ་ཧྲུའུ་ཅི་བརྟན་བརླིང་ཡིན་ཞིང་ཤུགས་ལྡན་པ་དང་། ཏང་ཙུའུ་ཁོངས་མིའི་གོམ་སྟབས་གཅིག་གྱུར་ཡིན་ལ། དམངས་ཆེན་གྱི་ཏང་ཙུའུ་ཡིས་གསར་སྤེལ་གསར་གཏོད་ལ་དོ་སྣང་བྱས་པ་དང་། སྲིད་གཞུང་ཏང་ཙུའུ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དོ་སྣང་བྱས་ལ། སྲིད་གྲོས་ཏང་ཙུའུ་ཡིས་སྤུས་འདེགས་ནུས་སྤེལ་ལ་དོ་སྣང་བྱས་ཤིང་། ཁྲིམས་ཁང་ཏང་ཙུའུ་ཡིས་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱས་པ་དང་། ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས་འདྲ་མཉམ་དྲང་བདེན་ལ་དོ་སྣང་བྱས་ཏེ། བྱ་བ་སྣ་ཚོགས་བབ་བསྟུན་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་བ་དང་། ལངས་གནས་མཐོན་པོ་དང་ཚད་གཞི་མཐོན་པོ། རེ་བ་མཐོན་པོ། སྤུས་ཚད་མཐོན་པོ་མངོན་པར་བྱས་པ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཁག་ཁུར་གསར་བ་དང་གྲུབ་འབྲས་གསར་བ། སྣང་ཚུལ་གསར་བ་མངོན་པར་བྱས། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ཕྲག་ཏུ་ལེན་པ་དང་། རང་སྟེང་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཞིབ་སྡུར་ཞིབ་བཤེར་དཔྱད་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་གདམ་མངག་དོ་དམ་བྱེད་ཐབས། 2021ལོའི་གྲོང་ཁྱེར་དང་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུས་མངག་གཏོང་བྱས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱེད་པའི་གནས་ཚུལ་གྱི་ཕྱོགས་བསྡུས་གདེང་འཇོག་གྲོས་གཞི་བཅས་ལ་གྲོས་ཞིབ་བྱས་པ་དང་། བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།