ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རྒྱུན་ལྡན་ལྟ་ཞིབ་དངོས་སུ་མགོ་བརྩམས།
2022.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དང་པོ་དང་གཉིས་པ་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བཅའ་སྡོད་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རྒྱུན་ལྡན་ལྟ་ཞིབ་བྱེད་རྒྱུ་རེད། ཟླ་དང་པོའི་ཚེས་ལྔ་ཉིན། ལྟ་ཞིབ་ཚན་ཆུང་གཉིས་ཀྱིས་སྐུལ་སློང་སྙན་ཞུའི་གྲོས་ཚོགས་བསྡུས་པ་དང་། ལྟ་ཞིབ་ཚན་ཆུང་དང་པོའི་ཚན་གཙོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་དང་ལྟ་ཞིབ་ཚན་ཆུང་གཉིས་པའི་ཚན་གཙོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཁུའེ་གཉིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཐེངས་འདིའི་རྒྱུན་ལྡན་ལྟ་ཞིབ་ཁྲོད་གཙོ་བོ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཁ་གཏད་ཡོད་པ་དང་། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ། དེ་མིན་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཕྱིར་ཟློག་བསམ་འཆར་ཀྱི་བཟོ་བཅོས་གནས་ཚུལ་སོགས་དང་། ལྷག་པར་དུ་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་འབུར་ཐོན་ལ་ལྟ་ཞིབ་བྱེད་རྒྱུ་རེད། ལྟ་ཞིབ་ཁྲོད་གཙོ་བོ་གླེང་མོལ་དང་ཡིག་ཆ་ལྟ་འཐེན་བྱེད་པ། ཞུ་གཏུག་ཐག་གཅོད་བྱེད་པ། གཞི་རིམ་དུ་ལྟ་ཞིབ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས་ལྟ་ཞིབ་བྱ་བ་སྤེལ་རྒྱུ་རེད། ལྟ་ཞིབ་མཇུག་རྫོགས་རྗེས་སྙན་ཞུ་བྲིས་ནས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་ལ་ཕྱིར་ཟློག་བྱེད་རྒྱུ་རེད། རྒྱུན་ལྡན་ལྟ་ཞིབ་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་རིགས་བགར་ནས་ཐག་གཅོད་བྱེད་རྒྱུ་དང་། ཐག་གཅོད་བྱེད་སླ་བའི་རིགས་འབྲེལ་ཡོད་ཕྱོགས་ལ་ལྟ་སྐུལ་འཛུབ་སྟོན་བྱས་ནས་མྱུར་དུ་བཅོས་སྒྱུར་བྱེད་རྒྱུ་རེད། ལྟ་ཞིབ་ཁྲོད་གནས་པའི་འབུར་ཐོན་གནད་དོན་དེ་གྱོད་དོན་ཐག་གཅོད་བྱེད་པར་སྤྲོད་པ་དང་ཁ་ཆད་གྲོས་མོལ་སོགས་ཀྱི་བྱེད་ཐབས་སྤྱད་ནས་བཅོས་སྒྱུར་མཐའ་འཁྱོངས་བྱེད་པར་ལྟ་སྐུལ་འཛུབ་སྟོན་བྱེད་རྒྱུ་རེད། སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཚབས་ཆེན་བཟོས་པའི་འགན་འཁྲི་རྗེས་འདེད་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ་འབྲེལ་ཡོད་དབང་ཚད་དང་སྒྲིག་རིམ་ལྟར་འབྲེལ་ཡོད་སྡེ་ཁག་ལ་སྐུར་དགོས།

ལྟ་ཞིབ་ཚན་ཆུང་གིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་ལྔ་ནས་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་བར་བཀོད་སྒྲིག་བྱས་པའི་ལས་རེས་ཁ་པར།

མཚོ་ཤར་གྲོང་ཁྱེར། 0972-8213379  རྨ་ལྷོ་ཁུལ། 0973-8317808

ཡིག་སྒམ། མཚོ་ཤར་གྲོང་ཁྱེར་གྱི་ཨངA003སྦྲགས་སྲིད་ཡིག་སྒམ་དང་། རྨ་ལྷོ་ཁུལ་གྱི་ཨངA002སྦྲགས་སྲིད་ཡིག་སྒམ།


མི་ཕམ་མགོན་པོས་བསྒྱུར།