མགོན་པོ་བཀྲ་ཤིས་ཀྱིས་རིམས་ནད་ཀྱི་སྐབས་སུ་ཁེ་ལས་ཀྱི་ཐོན་སྐྱེད་དང་རིམས་འགོག་བྱ་བར་རྟོག་ཞིབ་བྱས།
2022.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་ཁྲིད་དེ། དམངས་གཉེར་ཁེ་ལས་ཀྱི་འགན་ཁུར་བས་རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་གྱི་གནས་ཚུལ་འོག་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་ཇི་ལྟར་དམ་འཛིན་བྱེད་པར་རྟོག་ཞིབ་བྱས།

མཚོ་སྔོན་ཐའེ་ཧྥིན་ཚན་རྩལ་ཚད་ཡོད་ཀུང་ཟི་རུ། མགོན་པོ་བཀྲ་ཤིས་སོགས་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་། རིམས་ནད་འགོག་སྡོམ། དངོས་ཟོག་སྐྱེལ་འདྲེན། མི་སྣའི་ལས་རེས་སོགས་ཀྱི་གནས་ཚུལ་དང་། གནས་པའི་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། མཚོ་སྔོན་ཐའེ་ཧྥིན་ཚན་རྩལ་ཚད་ཡོད་ཀུང་ཟིས་རིམས་ནད་འགོག་སྡོམ་ཁྲོད་དུ་སྤྱད་པའི་ནུས་ལྡན་བྱེད་ཐབས་དང་ཁ་གཏད་འཇལ་ནུས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཁེ་ལས་ཀྱིས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་ཇེ་ཞིབ་ཇེ་ནན་དུ་གཏོང་བ་དང་། ཐོན་སྐྱེད་ཚོང་གཉེར་དངོས་སུ་གོ་རིམ་ལྡན་པར་བྱེད་པ། ཁྲོམ་རར་སྦྲེལ་མཐུད་བྱེད་རྒྱ་ཧུར་ཐག་གིས་ཇེ་ཆེར་བཏང་སྟེ། ཕྱོགས་གཅིག་ནས་རིམས་འགོག་འཛིན་པ་དང་ཕྱོགས་གཅིག་ནས་འཕེལ་རྒྱས་འཛིན་པ་གཉིས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བཟང་པོ་བྱེད་དགོས་པའི་སྐུལ་མ་བཏང་།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཞིང་ཆེན་ཡོངས་སུ་མིག་དཔེ་བསྟན་ནས། རིམས་འགོག་བྱ་བ་བཟང་པོར་སྒྲུབ་པའི་སྔོན་འགྲོའི་འོག་ཏུ། བདེ་འཇགས་ཡིན་ལ་གོ་རིམ་ལྡན་པར་ཐོན་སྐྱེད་ཚོང་གཉེར་བྱེད་དགོས་ལ། སྲིད་གྲོས་ཨུ་ཡོན་གྱི་ནུས་པ་དང་ཁྱད་སྟོབས་བཟང་པོར་བཏོན་ནས། ལས་རྐང་གི་དོན་དངོས་ལ་རྐང་འཛུགས་པ་དང་། ལས་རིགས་ཀྱི་ཁྱད་ཆོས་ལ་ཟུང་སྦྲེལ་དམ་པོ་བྱས་ཏེ། བློ་འདོན་ཇུས་འབུལ་ལེགས་པོར་བྱེད་པ་དང་། སྦྲེལ་ཐག་གི་ནུས་པ་བཏོན་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཉི་གར་རྒྱལ་ཁ་ལེན་པའི་ཐད་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། དེང་སྐབས་རིམ་ནད་འགོག་སྡོམ་གྱི་གནས་བབ་སྔར་བཞིན་ཚབས་ཆེ་བས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་ཐད་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རིམས་ནད་འགོག་སྡོམ་བྱ་བ་མཉམ་དུ་བཟང་པོར་སྒྲུབ་ནས། སེམས་ཤུགས་གཅིག་མཐུན་གྱིས་རིམས་འགོག་གི་འཐབ་མོ་ལས་རྣམ་པར་རྒྱལ་དགོས། ཁེ་ལས་ལ་རིམས་འགོག་གི་གཙོ་གཞིའི་འགན་འཁྲི་ནན་དཀྲི་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ཞིང་། རིམས་ནད་འགོག་སྡོམ་དེ་དེང་སྐབས་ཀྱི་ཆེས་གལ་ཆེ་བའི་ལས་འགན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་བདེ་འཇགས་དང་གོ་རིམ་ལྡན་པར་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། གོ་རིམ་སོ་སོའི་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་མཐའ་འཁྱོལ་བྱེད་པ་དང་། གོ་རིམ་གཙོ་བོར་དམ་དུ་དམིགས་པ། རྩད་གཅོད་གྲལ་བཤེར་ཕྱོགས་ཡོངས་ནས་ཞིབ་ཚིགས་ཀྱིས་སྒྲུབ་པ། ཐོ་འགོད་བྱེད་པ་དང་། ལུས་དྲོད་འཇལ་བ། དུག་སེལ་འགོག་སྲུང་། བདེ་འཇགས་དོ་དམ་སོགས་ཀྱི་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཞིབ་མོ་བྱས་ཏེ། རིམས་ནད་འགོག་སྡོམ་བྱ་བ་ཧ་ཅང་གཟབ་ནན་དང་ཞིབ་ཚགས་ངང་སྒྲུབ་དགོས། རིམས་ནད་ཀྱི་འགལ་རྐྱེན་ཧུར་ཐག་གིས་སེལ་ནས། བདེ་འཇགས་ཐོན་སྐྱེད་དངོས་སུ་དམ་འཛིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཞབས་ཞུ་ལེགས་སྒྱུར་དང་། འཕར་སྣོན་བརྟན་འཇགས་ཡོང་བ། འཕེལ་རྒྱས་ལ་ཡར་སྐུལ་བཅས་བྱེད་པ་དང་། ཚད་ཆེས་མཐོ་བའི་སྒོ་ནས་ཐོན་ནུས་བསྐྱེད་དེ་རིམས་ནད་འགོག་སྡོམ་ལྷོད་གཡེང་དུ་མི་གཏོང་བ་དང་འཕེལ་རྒྱས་ཀྱི་གོམ་མཚམས་མི་འཇོག་པར་ཁག་ཐེག་བྱེད་དགོས།