ཝང་ཅན་ཅུན་དང་རྡོ་རྗེ་རབ་བརྟན་གཉིས་སོ་སོར་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས།
2022.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བར་ཞུགས་པའི་བློ་མཐུན་ཝང་ཅན་ཅུན་དང་རྡོ་རྗེ་རབ་བརྟན་གཉིས་སོ་སོར་མཚོ་བྱང་འཐུས་ཚབ་ཚོགས་པ་དང་རྨ་ལྷོ་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས།

ཝང་ཅན་ཅུན་མཚོ་བྱང་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས་བསྟན་དོན། ཐོག་མར་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་བསྡུ་བར་སེམས་ཤུགས་དང་བྱས་རྗེས་འཇོག་མཁན་གྱི་མགོ་ཁྲིད་པ་དང་རྩ་འཛུགས་པ། ཟབ་ཞུགས་མཁན་བཅས་ལ་བླ་མེད་གུས་འདུད་ཞུས་པ་ཡིན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ནི་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱི་སྣེ་ཁྲིད་ནས་ཏང་གི་སྒྲིག་སྲོལ་ལ་སློབ་སྦྱོང་དང་ཏང་གི་སྒྲིག་སྲོལ་ལ་གུས་འདུད་ཞུ་བ། ཏང་གི་སྒྲིག་སྲོལ་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ལ། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱི་སྣེ་ཁྲིད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གྲུབ་འབྲས་ལ་བཤེར་ཞིབ་བྱེད་པ་དང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱི་སྣེ་ཁྲིད་ནས་ཞིང་ཆེན་ཡོངས་ཀྱི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་ལས་གཞི་གསར་བར་སྐུལ་འདེད་གཏོང་བ་མངོན་འགྱུར་བྱེད་པ། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱི་སྣེ་ཁྲིད་ནས་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་སེམས་ཞིབ་མོས་འཆར་འགོད་བྱེད་པ་བཅས་ཀྱི་ཆབ་སྲིད་བྱེད་སྒོ་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཐད་ཀྱི་དོན་ཆེན་ཞིག་དང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱི་དུས་ཆེན་གལ་ཆེན་ཡང་ཡིན་ཟེར།

རྡོ་རྗེ་རབ་བརྟན་གྱིས་རྨ་ལྷོ་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས་བསྟན་དོན། བློ་མཐུན་ཞིན་ཁྲང་ཞིང་གིས་ཕུལ་བའི་བྱ་བའི་སྙན་ཞུ་ནི་མི་སེམས་སྒུལ་བར་བྱེད་པའི་སྙན་ཞུ་བཟང་བོ་ཞིག་རེད། སྙན་ཞུས་གསར་བ་དྲུག་སྟེ། ཕན་འབྲས་གསར་བ་དང་རྒྱུགས་ཤོག་གསར་བ། སྐས་རིམ་གསར་བ། འཕེལ་རྒྱས་གསར་བ། ཆུ་ཚད་གསར་བ། རྣམ་པ་གསར་བ་བཅས་ཀྱིས་འདས་པའི་ལོ་ལྔའི་རིང་གི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་གསོན་ཉམས་ལྡན་ལ་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་མཐུན་ཟེར།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྙན་ཞུས་རང་རེའི་ཞིང་ཆེན་གྱི་མ་འོངས་པའི་འཕེལ་རྒྱས་ཐད་འཕྲད་པའི་འགྲན་སློང་དང་གོ་སྐབས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཆེ་ཕྱོགས་ལ་སྣ་འཛོམས་སྒོས་རྒྱུས་ལོན་བྱས་པའི་རྨང་གཞིའི་སྟེང་ཚན་རིག་དང་མཐུན་པའི་ངང་རང་རེའི་ཞིང་ཆེན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་བྱེད་ཐབས་ལ་འཆར་འགོད་བྱས། མཚོ་སྔོན་གསར་བའི་དེང་རབས་ཅན་དྲུག་གི་འབད་འཐབ་དམིགས་འབེན་གྱིས་འཕེལ་རྒྱས་ཁ་ཕྱོགས་གསལ་སྟོན་བྱས་པ་དང་སྐྱེ་ཁམས་འཛུགས་སྐྲུན་དང་མཉམ་དུ་ཕྱུག་འགྱུར་ཡོང་བ་སོགས་ཕྱོགས་བརྒྱད་གྱི་གཙོ་གནད་བྱ་བའི་འཕེལ་རྒྱས་བརྒྱུད་ལམ་གཏན་ཁེལ་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེས་འཕེལ་རྒྱས་ལ་ནུས་ཡོད་འགན་སྲུང་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་གཏིང་ཟབ་གཏོང་བ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་རང་འགུལ་ལ་རྒྱུས་ལོན་ཆ་ཚང་བྱས་པས་ཤུགས་དྲག་པའི་ཆབ་སྲིད་ལངས་གནས་དང་མཐའ་འཁྱོལ་དུ་སྒྲུབ་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ངེས་ལ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྣེ་ཁྲིད་ནས་སྔར་ལས་བཟང་ཞིང་སྔར་ལས་སྤུས་ཚད་ལེགས་པའི་འཕེལ་རྒྱས་འབྱུང་ཐུབ་ངེས།

མི་ཕམ་མགོན་པོས་བསྒྱུར།