བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེ་སེམས་གང་ལེགས་མངོན་ཆེད། ཉིན་འགའི་སྔོན་ལ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ཏེ་དོ་དམ་བྱས་ཡོད་པའི་ཏང་དངུལ་ཁྲོད་ནས་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ས་ཡ་དྲུག་འབུམ་དྲུག་བཏོན་ནས། ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་རྒྱུ་རེད།
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་གོ་གནས་་ཇེ་མཐོར་བཏང་སྟེ། དངོས་བཅར་འཚམས་འདྲིའི་བྱེད་སྒོ་སྤེལ་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིག་ཏུ་བརྩིས་ནས། རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་ལས་དོན་བསྒྲུབས་ཏེ་ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་མ་ལག་ཚང་བའི་མ་དངུལ་དོན་འཁྱོལ་དང་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ལུགས་རྙིང་ལོ་སར་སྔོན་ལ་འཚམས་འདྲི་བྱ་ཡུལ་གྱི་ལག་ཏུ་འཚམས་འདྲིའི་དངུལ་འཕྲོད་རྒྱུར་འགན་ལེན་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།