ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པེ་ཉིང་གི་ཙུང་ཐུང་ཐཱ་ལུང་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སླར་གསོ་བྱས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སླར་གསོ་བྱས་ཏེ་དུས་རབས་ཕྱེད་ཀ་ལྷག་འཁོར་བའི་རིང་ལ། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་མཛའ་མཐུན་གྱི་འབྲེལ་བ་བསྐྱངས་ཏེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་སའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱིན་ཡོད། མིག་སྔར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད་པ་དང་ཕྱོགས་གཉིས་ཀའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ངས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཙུང་ཐུང་ཐཱ་ལུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་གི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཐཱ་ལུང་གིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སླར་གསོ་བྱས་ནས་ལོ་ལྔ་བཅུ་འཁོར་བའི་རིང་ལ། གྲུབ་འབྲས་ཆེན་པོ་ཐོབ་པའི་མཉམ་ལས་ལ་རང་ཉིད་འདོད་བློ་ཚིམ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འབད་བརྩོན་བྱས་ནས། གསོན་ཤུགས་ཀྱིས་ཁེངས་པ་དང་སྔར་ལས་སྲ་ཞིང་བརྟན་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བསྐྲུན་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་བརྟན་པོ་ཡིན་པས། དེ་བསྟུན་གྱི་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།