ཞི་ཅིན་ཕིང་གིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་ཉེར་དྲུག་པ་དང་ཨང་བརྒྱ་དང་ཉེར་བདུན་པ། ཨང་བརྒྱ་དང་ཉེར་བརྒྱད་པ།  ཨང་བརྒྱ་དང་ཉེར་དགུ་བ་བཅས་ཀྱི་སྟེང་མཚན་བཀོད།
2022.12.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་ཉེར་དྲུག་པ་དང་ཨང་བརྒྱ་དང་ཉེར་བདུན་པ། ཨང་བརྒྱ་དང་ཉེར་བརྒྱད་པ།  ཨང་བརྒྱ་དང་ཉེར་དགུ་བ་བཅས་ཀྱི་སྟེང་མཚན་བཀོད།

ཀྲུའུ་ཞི་བཀའ་ཁྱབ་ཨང་བརྒྱ་དང་ཉེར་དྲུག་པ་ལས་བསྟན་དོན།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བརྒྱད་པའི་སྟེང་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་བཟོ་བཅོས་བྱས་པར་གྲོས་འཆམ་བྱུང་བ་དང་།  ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ།   ཉིས་སྟོང་ཉེར་གསུམ་ལོའི་ཟླ་ལྔ་པའི་ཚེས་གཅིག་ཉིན་ལག་བསྟར་བྱ་རྒྱུ་ཡིན།

ཀྲུའུ་ཞི་བཀའ་ཁྱབ་ཨང་བརྒྱ་དང་ཉེར་བདུན་པ་ལས་བསྟན་དོན།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྲ་སྒྲིག་དམག་ཞབས་མི་སྣའི་བཅའ་ཁྲིམས་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བརྒྱད་པའི་སྟེང་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྲོས་འཆམ་བྱུང་བ་དང་།  ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ།    ཉིས་སྟོང་ཉེར་གསུམ་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ལག་བསྟར་བྱ་རྒྱུ་ཡིན།

ཀྲུའུ་ཞི་བཀའ་ཁྱབ་ཨང་བརྒྱ་དང་ཉེར་བརྒྱད་པ་ལས་བསྟན་དོན།   རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་ཕྱོགས་ཉོ་ཚོང་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཐག་གཅོད་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བརྒྱད་པའི་སྟེང་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ།  ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན།

ཀྲུའུ་ཞི་བཀའ་ཁྱབ་ཨང་བརྒྱ་དང་ཉེར་དགུ་པ་ལས་བསྟན་དོན།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བརྒྱད་པའི་སྟེང་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་ཐག་གཅོད་བྱས་པ་ལྟར།   གཅིག  ཝང་དབྱི་ཡི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་ལེན་པ་དང་།  ཆིན་ཀང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱ་རྒྱུ།   གཉིས།   ཀྲོའུ་ཙུའུ་དབྱི་ཡི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གི་འགན་ལེན་པ་དང་།   ཝང་ཞའོ་ཕིང་(མོ)མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱ་རྒྱུ་དེ་ཡིན།

                                                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།