ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལ་མཱ་ཧྥུའུ་ས་ལ་གློག་འཕྲིན་བཏང་སྟེ་ཁོས་ཨ་ཧྥེ་རི་ཁ་ལྷོ་མའི་ཨ་ཧྥེ་རི་ཁའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞིའི་བསྟུད་འགན་ཁུར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཁྱེད་རང་མུ་མཐུད་དུ་ཨ་ཧྥེ་རི་ཁ་ལྷོ་མའི་ཨ་ཧྥེ་རི་ཁའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་ངས་ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུས་པ་ཡིན་ལ། ཁྱེད་ཀྱིས་རླབས་ཆེན་གྱི་ལས་གནས་དེའི་སྟེང་གྲུབ་འབྲས་གསར་པ་ལེན་ཐུབ་པའི་སྨོན་འདུན་ཞུ།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཨ་ཧྥེ་རི་ཁའི་རྒྱལ་དམངས་ཚོགས་ཆེན་གཉིས་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་པ་དང་། བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་བྱེད་ནུས་གལ་ཆེན་བཏོན་ཡོད། ངས་སྐུ་ཞབས་ཀྲུའུ་ཞི་དང་མཉམ་དུ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་རུ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་པ་དང་། ལག་རྡང་སྦྲེལ་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་ཐུན་མོང་ཚོགས་པ་དང་མི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།