ཚེ་རིང་ཐར་གྱིས་ཧོང་ཀྲུང་ས་ཁུལ་དུ་རྟོག་ཞིབ་བྱས།
2023.01.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་གྱི་འདེབས་གསོ་མཉམ་ལས་ཁང་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས།   ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བཅས་སུ་སོང་ནས་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་མཁོ་སྤྲོད་དང་ཞིང་སྡེའི་རིམས་འགོག་བྱ་བར་ཡུལ་དངོས་ལྟ་ཞིབ་བྱས།   ཁོས་ནན་གྱིས་བསྟན་དོན།  མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་ཞིང་སྡེའི་རིམས་ནད་འགོག་བཅོས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་པ་དང་།  དུས་ཆེན་གཉིས་སྐབས་ཀྱི་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་གཏན་འཇགས་དང་མཁོ་སྤྲོད་འདང་ངེས་ལ་འགན་སྲུང་བྱེད་དགོས།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ།   སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་དང་འདོན་སྤྲོད་བྱ་བ་བཟང་བོར་བསྒྲུབ་དགོས་པའི་གལ་ཆེན་རང་བཞིན་གྱི་ངོས་འཛིན་ཇེ་དྲག་ཏུ་གཏོང་བ།   སྔོ་ཚལ་ཐོན་སྐྱེད་ལ་དམ་དུ་དམིགས་པ།   དངོས་ཟོག་འཁོར་རྒྱུག་ལ་འགན་སྲུང་བཟང་བོ་བྱེད་པ།   ཚོང་གཉེར་གཙོ་གཞིར་རོགས་སྐྱོར་བྱས་ཏེ་ཐོན་སྐྱེད་གཏན་འཇགས་ཡོང་བ་དང་ཕྱིར་འཚོང་གེགས་མེད་ཡོང་བར་བྱེད་པ་སོགས་བྱས་ཏེ་དུས་ཆེན་གཉིས་སྐབས་ཀྱི་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་གཏན་འཇགས་དང་མཁོ་སྤྲོད་འདང་ངེས་ཡོང་བའི་ཐད་བྱས་རྗེས་འཇོག་དགོས།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན།  ཞིང་སྡེ་ནི་རིམས་ནད་འགོག་སྡོམ་བྱ་བའི་ས་ཁུལ་གཙོ་བོ་དང་ཉམས་ཞན་ཁུལ་ཁོངས་ཡིན་པས། ཀྲུང་དབྱང་གི་ཞིང་སྡེའི་རིམས་འགོག་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་།   ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་རིམས་འགོག་མི་སྣས་རང་ཉིད་འཐབ་ཕྱོགས་དང་པོའི་འཐད་བརྩོན་མཁན་ཡིན་པ་དང་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་སྲུང་སྐྱོབ་པ་ཡིན་པའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ།   ཞིང་སྡེའི་ལོ་ལོན་དང་ནད་པ།  དབང་བོ་སྐྱོན་ཅན།   བྱིས་པ་དང་སྦྲུམ་མ་སོགས་དམིགས་བསལ་མི་ཚོགས་ཀྱི་བདེ་ཐང་ཆ་འཕྲིན་ཤེས་རྟོགས་ཡང་དག་བྱེད་པ།    ཐབས་བརྒྱ་ཇུས་སྟོང་དང་དུས་ཚོད་དམ་འཛིན་གྱིས་ངེས་པར་དུ་མཁོ་བའི་སྨན་རྫས་དང་རིམས་འགོག་དངོས་རྫས་ཉོ་བསྡུ་གསོག་འཇོག་དང་མཁོ་སྤྲོད་བྱེད་པ།   བརྒྱུད་འདྲེན་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ།   ནད་ལྕི་མོ་ཕོག་པའི་ནད་པར་སྐྱོབ་བཅོས་བཟང་བོ་བྱེད་པ་སོགས་བྱས་ཏེ་རིམས་འགོག་གི་བྱེད་ཐབས་སོ་སོ་དོན་འཁྱོལ་བཟང་བོ་བྱེད་པར་འགན་སྲུང་བཟང་བོ་བྱེད་དགོས།

                                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།