ཞི་ཅིན་ཕིང་གིས་དཔལ་འབྱོར་ཉིན་རེའི་ཚགས་པར་སྤེལ་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.01.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 129

དཔལ་འབྱོར་ཉིན་རེའི་ཚགས་པར་སྤེལ་ནས་ལོ་བཞི་བཅུ་འཁོར་བའི་དུས་འདིར།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།   ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ་ཚགས་པར་ཁང་གི་ལས་བྱེད་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན།  ལོ་བཞི་བཅུའི་རིང་ལ།    དཔལ་འབྱོར་ཉིན་རེའི་ཚགས་པར་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་དམིགས་ཏེ་ཏང་གི་གསར་གཏོད་གཞུང་ལུགས་དྲིལ་སྒྲོག་དང་དཔལ་འབྱོར་སྲིད་ཇུས་འགྲེལ་ཀློག   དཔལ་འབྱོར་གྲུབ་འབྲས་སྒྲོག་སྤེལ་སོགས་ཀྱི་ཐད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས།

ཞི་ཅིན་ཕིང་གིས་དཔལ་འབྱོར་ཉིན་རེའི་ཚགས་པར་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ།   དཔལ་འབྱོར་སྒྲོག་སྤེལ་བྱེད་པའི་འདུ་ཤེས་དང་བྱེད་ཐབས་གསར་གཏོད་བྱེད་པ།   སྨྱན་བྱད་ཡོངས་ཀྱི་བརྒྱུད་སྒྲོག་མ་ལག་མྱུར་དུ་བསྐྲུན་པ་བཅས་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏམ་རྒྱུད་བཟང་བོར་བཤད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།

ཚེས་གཅིག་ཉིན་གྱི་ཕྱི་དྲོར།   དཔལ་འབྱོར་ཉིན་རེའི་ཚགས་པར་སྤེལ་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་བསྡུས།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།  ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་ཡིས་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་གཏམ་བཤད།    ཁོས་བཤད་རྒྱུར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱེད་པ་དང་།    འགན་འཁྲི་ནམ་ཡང་ཡིད་ལ་དམ་པོར་འཛིན་པ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དྲིལ་སྒྲོག་བཟང་བོ་བྱེད་པ།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་བཟང་བོ་བྱེད་པ།   དཔལ་འབྱོར་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ།   སྒྲོག་སྤེལ་སྤུས་ཚད་མཐོར་འདེགས་གཏོང་བ།   འཕེལ་རྒྱས་ཡིད་ཆེས་ཆེ་རུ་གཏོང་བ།   སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   ནང་དོན་གསར་སྐྲུན་བྱེད་རྒྱུ་རྩ་བར་བྱེད་པ་དང་སྔོན་ཐོན་ལག་རྩལ་འདེགས་སྐྱོར་དུ་བྱེད་པ།   གསར་གཏོད་དོ་དམ་འགན་སྲུང་དུ་བྱེད་པའི་སྨྱན་བྱད་ཡོངས་ཀྱི་བརྒྱུད་སྒྲོག་མ་ལག་འཛུགས་པ།   དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཇོན་མིའི་དཔུང་སྡེ་ཧུར་ཐག་གིས་གསོ་སྐྱོང་བྱེད་པ།  གསར་གཏོད་ཡར་བརྩོན་དང་དག་སྲུང་གསར་གཏོད་བཅས་བྱས་ཏེ་དཔལ་འབྱོར་ཉིན་རེའི་ཚགས་པར་སྔར་ལས་བཟང་བོར་སྤེལ་དགོས།

ཚོགས་ཐོག་ཏུ།  དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་འགན་ཁུར་མི་སྣ་དང་བློ་མཐུན་རྒན་པ།   ལས་བཟོ་བའི་འཐུས་ཚབ་བཅས་ཀྱིས་གཏམ་བཤད།

དཔལ་འབྱོར་ཉིན་རེའི་ཚགས་པར་གཅིག་དགུ་གྱ་གསུམ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་སྤེལ་མགོ་བརྩམས་པ་དང་། མིག་སྔའི་བར་ཁོངས་གཏོགས་ཚགས་པར་དང་དུས་དེབ་ཁང་གི་དྲ་བ་བཅུ་དྲུག་ཡོད་ལ།   མང་ཚོགས་ཀྱིས་རྒྱལ་སྤྱི་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུས་ལོན་དང་དཔལ་འབྱོར་ཆ་འཕྲིན་ཤེས་རྟོགས་བྱེད་པའི་རྒྱུ་ལམ་གལ་ཆེན་དུ་གྱུར་ཡོད།

                                                                                                          ལྷ་མོ་ཚེ་རིང་གིས་བསྒྱུར།