ན་གཞོན་རྣམས་ལ་གསོན་ཤུགས་ཀྱིས་བརྟས་ནས་ལང་ཚོའི་རེ་བ་མངལ་དུ་སྦྲུམ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ལོ་གསར་ཤིས་ཚིག་ཁྲོད་དུ་ན་གཞོན་ཚོར་རེ་བ་ཆེན་པོ་བཅངས་ཏེ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་རང་ཉིད་ཀྱི་ཁྱིམ་གཞིས་དང་རྒྱལ་ཁབ་ལ་བརྩེ་སེམས་བཅངས་པ་དང་། སྐྱེད་སྲིང་ཡར་བརྩོན་གྱི་གཤིས་ཀ་རྒྱུད་དུ་ཉར་བ། འབད་འཐབ་ཀྱི་ཉམས་འགྱུར་བཅས་ལ་བརྟེན་ནས་ལང་ཚོའི་བཀྲག་མདངས་མངོན་གང་ཐུབ་བྱས་ནས། དུས་རབས་དང་ལང་ཚོ་ལ་ངོ་མི་གནོང་བ་བྱེད་དགོས་ཞེས་གདམས་ཡོད། ཚང་མས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཞོན་རབས་པར་བཏོན་པའི་ཐུགས་དགོངས་ཟབ་མོ་བློ་ལ་བརྟན་པོར་ངེས་པར་བྱས་ནས། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དུ་ལང་ཚོའི་གསོན་ཤུགས་གླུ་རུ་ལེན་དགོས་ཟེར།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་སང་ཉིན་གྱི་ཀྲུང་གོས་རེ་བ་ན་གཞོན་རྣམས་ལ་བཅོལ་ཡོད། ན་གཞོན་དར་ན་རྒྱལ་ཁབ་དར་བ་དང་། ཀྲུང་གོའི་འཕེལ་རྒྱས་རྒྱ་ཆེའི་ན་གཞོན་ཚོར་བརྟེན་དགོས་ལ། ན་གཞོན་རྣམས་ཀྱིས་དེ་བསྟུན་གྱི་འགན་འཁྲི་ཡང་འཁུར་དགོས་ཞེས་གསུངས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྱུང་འགྱུར་གྱི་ཀྲུང་གོས་འབད་འཐབ་བྱས་ཏེ་ངོ་མཚར་བྱ་གཞག་བསྐྲུན་དགོས་ཞེས་གསུངས། གྲོང་གསེབ་ཀྱི་ཞིང་ཁ་ནས་ཚན་རྩལ་གསར་གཏོད་ཀྱི་མདུན་གྲལ་དང་། དེ་ནས་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོ་ནས་འཛུགས་སྐྲུན་ལས་ཡུལ་བར་གང་ལ་མཚོན་ནའང་། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་སྐྱོད་ལམ་གསར་པའི་སྟེང་དུ་འབད་འཐབ་ལྷོད་མེད་བྱས་ཏེ། དངོས་གཉེར་ལ་བརྟེན་ནས་འབྱུང་འགྱུར་བསྐྲུན་པར་འབད་བཞིན་ཡོད།
ཚང་མས་བསྟན་དོན། འབད་འཐབ་བྱེད་པའི་རང་ཉིད་དང་ལང་ཚོའི་ངར་ཤུགས་ལྡན་པའི་རང་ཉིད་ཀྱིས་དུས་རབས་དང་རང་གི་ལང་ཚོར་ངོ་གནོང་མི་དགོས་པར་བྱས་ཏེ། ལོ་རྒྱུས་ཀྱིས་གཞོན་རབས་པར་བཅོལ་བའི་འགན་འཁྲི་འཁུར་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།