མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོའི་ལས་གནས་བརྗེ་སྤོར་བྱས། བློ་མཐུན་ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།
2023.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོའི་ལས་གནས་བརྗེ་སྤོར་བྱས།   བློ་མཐུན་ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན།  ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རྒྱུ་ཡིན་པ་དང་།   བློ་མཐུན་ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན།  ཨུ་ཡོན་བཅས་ཀྱི་འགན་མི་འཁུར་རྒྱུ་བྱས།

ཟླ1པོའི་ཚེས3ཉིན།  མཚོ་སྔོན་ཞིང་ཆེན་གྱིས་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་པ་དང་།   ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་བློ་མཐུན་ཞུའུ་ཆི་ཧྥང་གིས་ཚོགས་ཐོག་ཏུ་ཀྲུང་དབྱང་གི་ཐག་གཅོད་ཁྱབ་བསྒྲགས་བྱས་ཏེ།  ཐེངས་འདིའི་ལས་གནས་བརྗེ་སྤོར་ནི་ཀྲུང་དབྱང་གིས་སྤྱི་ཡོངས་ལ་དམིགས་པ་དང་། བྱ་བའི་དགོས་མཁོ་དང་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་དོན་དངོས་ལ་གཞིགས་ཏེ་ཕྱོགས་ཀུན་ལ་བསམ་བློ་བཏང་བ་དང་ཞིབ་འཇུག་ནན་མོ་བྱས་ཏེ་ཐག་བཅད་པ་ཡིན། 

བློ་མཐུན་ཁྲིན་ཀང་ནི1965ལོའི་ཟླ4བར་སྐྱེས་པ་དང་།   ཅང་སུའུ་ཀའོ་ཡོའུ་ཡི་མི་ཡིན།     སྔོན་ཆད་ཀྲུང་གོ་ཉོ་ཚོང་ཡར་སྐུལ་མཐུན་ཚོགས་པེ་ཅིང་གྲོང་ཁྱེར་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རིན་གྱི་འགན་ཁུར་མྱོང་ལ།   ཁྲའོ་དབྱང་ས་ཁུལ་གྱི་འགོ་གཙོ་དང་ས་ཁུལ་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་མྱོང་།  2012ལོའི་ཟླ7པའི་རྗེས་སུ་པེ་ཅིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་འགན་ཁུར་མྱོང་བ་དང་།  ཀོས་ཀྲིག་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཀོས་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡི་འགན་ཁུར་མྱོང་ལ།    ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲིན་ཀྲང་གཞོན་པའི་ཞོར་དུ་ཞོང་ཨན་ཁུལ་གསར་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་ཁུར་མྱོང་།   2020ལོའི་ཟླ12པར་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའི་འགན་ཁུར་བ་དང2021ལོའི་ཟླ2པར་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ།    ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་ཁུར།   ཁོ་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།