ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོའི་ལས་གནས་བརྗེ་སྤོར་བྱས།
2023.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 62

ཉེ་ལམ།  ཀྲུང་གུང་ཀྲུང་དབྱང་གི་ཐག་གཅོད་ལྟར།   བློ་མཐུན་ཞིན་ཁྲང་ཞིང་གིས་ཅང་སུའུ་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན།  ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རྒྱུ་ཡིན་པ་དང་།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན།   ཨུ་ཡོན་བཅས་ཀྱི་ལས་འགན་མི་འཁུར་རྒྱུ་བྱས།

བློ་མཐུན་ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན།  ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།