མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོའི་གོ་གནས་
བརྗེ་སྤོར་བྱས་ཏེ་བློ་མཐུན་ཁྲིན་ཀང་གིས་
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་
ཉེ་སྔོན། ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོའི་གོ་གནས་བརྗེ་སྤོར་བྱས་ཏེ་བློ་མཐུན་ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རྒྱུ་ཡིན་པ་དང་། བློ་མཐུན་ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་འཁུར་རྒྱུ་མིན་པ་རེད།
ཟླ1པོའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱིས་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་ཤིང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་བློ་མཐུན་ཞོས་ཆིས་ཧྥང་གིས་ཚོགས་ཐོག་ནས་ཀྲུང་དབྱང་གི་ཐག་བཅད་ཁྱབ་སྒྲོག་བྱས། ཁོས་བཤད་རྒྱུར། ཐེངས་འདིའི་བཀོད་སྒྲིག་ནི་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་དམིགས་ཏེ། བྱ་བའི་དགོས་མཁོ་དང་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། ཕྱོགས་ཡོངས་ལ་བསམ་གཞིགས་ཀྱིས་ཞིབ་འཇུག་གཟབ་ནན་བགྱིས་ཏེ་ཐག་བཅད་པ་ཡིན།
བློ་མཐུན་ཁྲིན་ཀང་ནི1965ལོའི་ཟླ4བར་སྐྱེས་ཤིང་། ཅང་སུའུ་ཀའོ་ཡོའུ་ས་ཆའི་མི་ཡིན། ཡར་སྔོན་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཚོགས་པའི་པེ་ཅིན་ཡན་ལག་ཚོགས་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། ཀྲུའུ་རིན། ཁྲའོ་ཡང་ས་ཁུལ་གྱི་མགོ་གཙོ། ས་ཁུལ་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར་བ་དང་། 2012ལོའི་ཟླ7པའི་རྗེས་ལ་པེ་ཅིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། ཀོས་ཀྲིག་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཀོས་ཡང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧྲིན་ཀྲང་གཞོན་པ་དང་ཞོན་ཨན་ཁུལ་གསར་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་ཁུར་མྱོང་། 2020ལོའི་ཟླ12པར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། 2021ལོའི་ཟླ2པར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ། སྐབས་བཅུ་དགུ་བའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། སྐབས་ཉི་ཤུ་བའི་ཀྲུང་དབྱང་ཨུ་ཡོན་བཅས་ཀྱི་འགན་ཁུར་མྱོང་།