ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ལོ་སར་གྱི་ཤིས་ཚིག་ལ་རྒྱལ་ཡོངས་ས་གནས་ཁག་ཏུ་ཚུར་སྣང་ཆེན་པོ་བྱུང་།
2023.01.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ལོ་སར་གྱི་ཤིས་ཚིག་ལས། ང་ཚོས་ཞུམ་མེད་མདུན་སྐྱོད་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ། འབྱུང་འགྱུར་གྱི་ཀྲུང་གོ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས་ཞེས་བསྟན་པ་ཡོད་ཅིང་། དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་འབད་འཐབ་བྱས་ནས། མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་དགོས་པའི་འབོད་སྐུལ་གནང་ཡོད།  ཚང་མས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། མཐུན་སྒྲིལ་ཡར་བརྩོན་དང་བློ་སྤོབས་ཆེན་པོས་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གང་ལེགས་འཇོག་དགོས་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་སར་ཤིས་ཚིག་ལས་ཡུས་ཀུང་གིས་རི་བོ་སྤོས་པའི་བློ་སྟོབས་དང་ཆུ་ཐིགས་ཀྱིས་རྡོ་ལ་ཨི་ཁུང་བཏོད་པའི་སྙིང་རུས་ལ་བརྟེན་ནས། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ་གོམ་པ་རེ་རེ་བཞིན་མདུན་དུ་སྤོས་པ་ཡིན་ན། གཞི་ནས་བརྗིད་རླབས་ཆེ་བའི་དམིགས་འབེན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་ཡིན་ཞེས་གསུངས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ལས་འབྱུང་འགྱུར་གྱི་ཀྲུང་གོས་འབད་འཐབ་བྱས་ནས་བྱས་རྗེས་ངོ་མཚར་ཅན་བསྐྲུན་རྒྱུ་དང་། སྟོབས་ཤུགས་མཐུན་སྒྲིལ་ལས་བྱུང་བ་ཡིན་པར་བརྟེན། རེ་བ་གཞོན་ནུ་ཚོར་བཅོལ་ཡོད་ཅེས་གསུངས། ཚང་མས་བསྟན་དོན། བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ལ་བཏོན་པ་ཡིན་ན། གཞི་ནས་སྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་མེད་ཟེར།

ཀྲུང་གོའི་མཛེས་སྡུག་ལྡན་པའི་སང་ཉིན་མི་རེ་རེས་མཉམ་དུ་འབྲི་དགོས། ཚང་མས་སྐྱོད་ལམ་གསར་པའི་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།