ཟླ་དང་པོའི་ཚེས་བཞི་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་གོ་བརྒྱད་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཏེ་ལོ་བཞི་བཅུ་འཁོར་བར་རྗེས་དྲན་ཞུས་པའི་མཚན་བཀོད་རྩོམ་ཡིག ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱེད་པའི་བརྗེ་རེས་གྲོས་ཚོགས་སྟེང་གི་གཏམ་བཤད་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚུང་ལི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་བྱ་བའི་བླང་བྱ་བཏོན། ཝང་ལིས་མིང་དང་མཱ་ཝེ། ཉའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་དང་ཞིང་གསུམ་བྱ་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཡིན། ངེས་པ་དོན་གྱིས་བསམ་བློ་དང་འགུལ་སྐྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། ཁྲིམས་ལྟར་ཁྲིམས་འཛུགས་དང་ལྟ་སྐུལ། ཐག་གཅོད། གོ་གནས་བསྐོ་འཐེན་འགན་ནུས་ལག་བསྟར་བྱེད་པ། འཐུས་མིའི་གྲོས་གཞི་བསྒྲུབ་གཉེར་བྱེད་པ་སོགས་བྱ་བ་བཟང་བོར་བསྒྲུབ་སྟེ་དམངས་ཆེན་གྱི་ནོར་སྲིད་དང་དཔལ་འབྱོར། ཞིང་ཕྱུགས་བྱ་བ་ཀྲུང་དབྱང་གི་དགོངས་དོན་དང་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་གལ་ཆེན་གྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བླང་བྱ་གསལ་བོ་བཏོན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་གྱིས་དེར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། སྣེ་ཁྲིད་དེ་རྩ་ཁྲིམས་ལ་བརྩི་འཇོག་དང་ལག་བསྟར་བྱས་ནས་རྩ་ཁྲིམས་བརྩི་སྲུང་དང་ལག་བསྟར་བྱེད་པར་འགན་ལེན་བྱེད་དགོས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱ་རྒྱུ་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆེས་མཐོ་བའི་ཆབ་སྲིད་ཀྱི་རྩ་དོན་ལ་འགྱུར་བ་མི་གཏོང་བ་དང་མི་དམངས་གཙོར་འཛིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུར་འགྱུར་བ་མི་གཏོང་བ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་འགན་འཁྲི་ལས་འགན་ལ་འགྱུར་བ་མི་གཏོང་བ། ལས་ཁུངས་བཞི་རྒྱུན་འཁྱོངས་བྱེད་པའི་ངེས་གནས་དམིགས་འབེན་ལ་འགྱུར་བ་མི་གཏོང་བ། བྱ་བ་སོ་སོར་ཤུགས་སྣོན་དང་ལེགས་བཅོས་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་དམངས་ཆེན་གྱི་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན།
ལྷ་མོ་ཚེ་རིང་གིས་བསྒྱུར།