མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2023.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་དང་པོའི་ཚེས་ལྔ་ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་ཐོག་མར་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། གྲོས་ཚོགས་ནས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་བློ་ཐག་རྦད་ཆོད་སྒོས་ཀྲུང་དབྱང་གི་ཆོད་དོན་ལ་གོང་བཀུར་བྱེད་པ་དང་། བློ་མཐུན་ཁྲིན་ཀང་ཧྲུའུ་ཅི་ཡིན་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྟོབས་ལྡན་མགོ་ཁྲིད་འོག རང་རྟོགས་སྒོས་སྲིད་གྲོས་ཏང་ཙུའུ་ཡི་ཆབ་སྲིད་འགན་འཁྲི་ཁག་ཁུར་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ཁྱད་སྟོབས་དང་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར། བརྟན་འཇགས་བཅས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་ཡིན་ཞེས་བསྟན།

གྲོས་ཚོགས་ནས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་སར་ཇ་སྟོན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཉིས་སྟོང་ཉེར་གསུམ་ལོའི་ལོ་སར་ཤིས་ཚིག་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་སྦྲེལ་བྱས་ཏེ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་སྣེ་ཁྲིད་དེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་ཉིས་སྟོང་ཉེར་གསུམ་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གནས་བབ་ལ་ཚན་རིག་དང་མཐུན་པར་བརྡར་ཤ་བཅད་པ་དང་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། གྲོས་ཚོགས་ནས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ལ་དམིགས་ཏེ། གྲོས་མོལ་སྲིད་གླེང་གི་བྱ་འགུལ་རྩ་འཛུགས་ཞིབ་མོ་བྱེད་པ་དང་། ཧུར་ཐག་སྒོས་རྟོག་ཞིབ་ཟབ་མོ་བྱེད་པ་དང་ཇུས་གཞི་འདོན་པར་གཞི་འཛིན་ས་ཡོད་པ། ལག་བསྟར་གྱི་རིན་ཐང་ལྡན་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དཀའ་སྤྱད་འབད་འཐབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འདོན་དགོས།

གྲོས་ཚོགས་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པ་དང་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུ་བའི་སྐོར་གྱི་འབྲེལ་ཡོད་བྱ་བར་གྲོས་ཞིབ་བྱས་པ་དང་། གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས།

གྲོས་ཚོགས་ནས་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཉིས་སྟོང་ཉེར་གཉིས་ལོའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

གྲོས་ཚོགས་ནས་གྲོས་གཞི་གཙོ་བོ་སྒྲུབ་པའི་གནས་ཚུལ་དང་ཁྲིམས་འཛུགས་གྲོས་མོལ་བྱ་བའི་གནས་ཚུལ་ལ་གྲོས་ཞིབ་བྱས་པ་དང་། འབྲེལ་ཡོད་མི་དོན་དོན་དག་ལ་གྲོས་ཞིབ་བྱས།

མཱ་ཅི་ཞའོ་དང་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་ལིས། ཀྲང་ཝུན་ཁུའེ། མ་ཧེ་དབྱིན། ཝང་ཞོན། ཝང་ཀྲིན་ཁྲང་། མ་ཧྥིན་ཧྲིན། ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།

                                                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།