གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་དོན་གྲོས་ཚོགས་ལ་འགན་སྒྲུབ་སྙན་ཞུ་འབུལ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དང་པོའི་ཚེས་བཞི་ཉིན། གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་དོན་གྲོས་ཚོགས་ལ་འགན་སྒྲུབ་སྙན་ཞུ་འབུལ་བ་དང་པུའུ་ཡི་ལས་དོན་གྲོས་ཚོགས་ཀྱི་སྤོམ་དོན་གཉེར་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་མགོ་འཛིན་བྱས་ཏེ་གཏམ་བཤད།

གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ན་ནིང་གི་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བར་མ་ལག་ལྡན་པའི་སྤྱི་སྡོམ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མི་འདང་ས་དང་ཉམ་ཞན་ས་འཚོལ་བ། བློ་མང་གཅིག་བསྡུས་ཀྱིས་འཕེལ་རྒྱས་ཀྱི་ལམ་བུ་གསལ་འབྱེད་བྱེད་པ། ད་ལོའི་རྩ་འཛུགས་བྱ་བའི་ལས་འགན་གལ་ཆེན་ལ་ཞིབ་འཇུག་དང་འཆར་འགོད་བཅས་བྱས་ལ། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གིས་འགན་སྒྲུབ་སྙན་ཞུ་ཕུལ་བ་མ་ཟད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་དོན་ལྷན་ཚོགས་ཀྱི་ཁོངས་མིས་གཏམ་བཤད།

ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱིས་དཀྱིལ་སྙིང་ལ་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། ལས་དོན་ཁག་སོ་སོར་གྲུབ་འབྲས་གསར་བ་བླངས་ཡོད། མོས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལོ་དང་པོ་ཡིན་པས། རྩ་འཛུགས་སྡེ་ཁག་གིས་ཆབ་སྲིད་ཀྱི་ལས་འགན་ཕྲག་ཏུ་ཁུར་བ་དང་། ཆབ་སྲིད་འཛུགས་སྐྲུན་ཤུགས་དྲག་ཏུ་བཏང་ནས་སེམས་ཤུགས་གཅིག་ཏུ་འདྲིལ་བ། རྩ་འཛུགས་བྱ་བ་དངོས་སྒྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་སྦྱོང་བརྡར་ལ་ཤུགས་སྣོན་པའི་ཁྲོད་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་དགོས་ཏེ། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་རྒྱུ་དེ་རྩ་འཛུགས་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བར་གོ་བ་ཟབ་མོ་ལེན་པ། དེའི་ཁྲོད་དུ་གནས་པའི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཏེ། སྦྱངས་པ་གོ་ཆོད་དང་ཤེས་པ་ལག་ལེན་དུ་བསྟར་དགོས། མི་འདང་ས་འཚོལ་བའི་ཁྲོད་དུ་དཀའ་གནད་སེལ་ཐུབ་པར་བྱས་ཏེ་རྩ་འཛུགས་བྱ་བའི་སྤུས་ཚད་དང་ཆུ་ཚད་ནུས་ཤུགས་ཡོད་དགུས་མཐོར་འདེགས་སུ་གཏོང་དགོས། དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱེད་ཐབས་དོན་གཉེར་དང་ལག་ལེན་དངོས་སྒྲུབ་བྱས་ཏེ་གྲུབ་འབྲས་ཁྱད་འཕགས་བསྐྲུན་དགོས། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་ཞོར་སྣང་བརྙན་བཟང་པོ་བསྐྲུན་པ་དང་། འཆར་འགོད་ལ་མཁས་པ་དང་སྲིད་ཇུས་བྱང་ཆ་ལྡན་པ། དངོས་འབེབས་ལ་གཞོལ་བ། གསར་གཏོད་ཀྱི་བློ་སྤོབས་དང་འཐབ་རྩོད་བྱེད་ཕོད་པ་བཅས་བྱེད་དགོས་ལ། བློ་མཐུན་ཀྲུའུ་ཀྲི་གོ་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ནན་ཏན་སྒོས་སྤེལ་བ་དང་། དཔེ་ལེགས་སྡེ་ཁག་འཛུགས་པ་དང་དཔུང་ཁག་སྟོབས་ལྡན་བསྐྲུན་པའི་བྱ་བ་རྒྱུན་མཐུད་དུ་སྤེལ་དགོས།

                                                                                                   རིག་འཛིན་སྒྲོལ་མས་བསྒྱུར།