ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་བཞི་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཝང་ལིས་མེན་དང་མཱ་ཝེ། ཉེའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པའི་གྲོས་གཞིའི་བརྗོད་དོན་དང་བསྡུ་བའི་དུས་ཚོད་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་དང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་མི་སྣའི་གྲངས་ཀའི་ཆོད་དོན་འཆར་ཟིན། ཞིང་ཆེན་ཡོངས་སུ་ཆུས་འཛུགས་པར་བསྐྱར་དུ་གཏན་འཁེལ་བྱེད་པའི་གྲོང་ཁྱེར་དང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་མི་སྣའི་གྲངས་ཀ་སྐོར་གྱི་ཆོད་དོན་འཆར་ཟིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་འཛུགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྙན་ཞུ། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཟུར་ཞུགས་མི་སྣ་གཏན་འཁེལ་བྱས་པའི་མིང་ཐོའི་འཆར་ཟིན་དང་དེ་མིན་མི་དོན་བསྐོ་འཐེན་དོན་དག་གི་གྲ་སྒྲིག་གནས་ཚུལ་ཡར་ཞུ་བཅས་ལ་རིམ་པ་བཞིན་ཉན།
གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་བསྡུ་བའི་དུས་ཚོད་ལེགས་སྒྲིག་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་གྲོས་ཞིབ་བསམ་འཆར་སོགས་ལ་གྲོས་བསྡུར་བྱས།
གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།