ཟླ་དང་པོའི་ཚེས་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཞེ་ཨར་ཏཱ་ཨར·པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ལ་ཐུག་འཕྲད་བྱས།
ཟླ་དང་པོའི་ཚེས་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཞེ་ཨར་ཏཱ་ཨར·པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ལ་ཐུག་འཕྲད་བྱས།
ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་བར་གྱི་བབྲེལ་བ་བརྟན་ལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ཡོད། དེ་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་ཀྱི་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་སུ་བཏང་བ་ཁྱབ་བསྒྲགས་གནང་ཡོད། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་བྱུང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་སའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་བྱེད་པ། དེ་མིན་ད་དུང་ནུས་ཁུངས་དང་ཕན་ཚུན་འབྲེལ་མཐུད། མི་ཆོས་རིག་གནས་བརྗེ་རེས་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐུའུ་ཁུའུ་མན་སི་ཐན་གྱི་ཁྲིམས་འཛུགས་ལས་ཁུངས་བར་ཕན་ཚུན་བརྗེ་རེས་མཉམ་ལས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་སྔར་ལས་གཏིང་ཟབ་དང་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཞེ་ཨར་ཏཱ་ཨར·པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ཡིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་འབད་དེ། ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བཅས་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།
ཏིན་ཀྲུང་ལིས་ཐུག་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།