ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2023.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དང་པོའི་ཚེས་དྲུག་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་སྐོར་གྱི་ཚན་ཆུང་སོ་སོའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད། དུས་རིམ་རྗེས་མའི་བྱ་བའི་ཐད་ཡང་བསྐྱར་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། སྔ་རྗེས་རྒྱུན་མཐུད་དང་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན་ཞིག་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། བསམ་བློ་སྔར་བས་གཅིག་གྱུར་དང་འདུ་ཤེས་སྔར་བས་གཅིག་གྱུར། བྱ་སྤྱོད་སྔར་བས་གཅིག་གྱུར་བྱས་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་ནས་བློ་རྩ་བརྟན་པོ་དང་དཔའ་ངར་ཆེན་པོས་སྐྱོད་ལམ་གསར་བར་འབད་པས་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་དགོས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཏན་ཁེལ་དང་བླང་བྱ་ཁག་དོན་འཁྱོལ་ནན་མོ་བྱེད་པ་དང་ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་སུ་བཏང་ནས་བྱ་བའི་ལས་འགན་འཁུར་སེམས་དང་འགན་འཁྲིའི་བསམ་པ། རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ལ། ཞིབ་ཆ་དང་གཟབ་ནན་སྟེང་ཤུགས་བསྣན་ནས་འབྲེལ་མཐུད་བདེ་ལེགས་ཡོང་བ་དང་ཕན་ནུས་ལྡན་པར་ཁག་ཁུར་བྱས་ཏེ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་ལས་རིམ་སོ་སོ་འབྲེལ་མཐུད་བཟང་བོ་བྱེད་དགོས། པྲོག་གསར་གློ་ཚད་ནད་དུག་འགོས་པར་ཁ་རིགས་ནད་དུག་ལ་ཁ་རིམ་པའི་དོ་དམ་བྱེད་པའི་རེ་བ་ལྟར། ཁྲིམས་མཐུན་ལུགས་མཐུན་དང་ཕན་ནུས་མཐོ་བའི་སྒོ་ནས་རིམས་ནད་འགོག་སྡོམ་དང་ཚོགས་ཆེན་གཉིས་སྐབས་ཀྱི་བྱ་བ་ཁག་གི་ལས་རིམ་སོ་སོར་གཅིག་འདོམས་བྱས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་བསྡུ་བར་རྨང་གཞི་བརྟན་པོ་འདིང་དགོས།

མི་ཕམ་མགོན་པོས་བསྒྱུར།