ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་དང་པོའི་ཚེས་དྲུག་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཡིག་ཆ་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་དར་སྤེལ་གཙོ་གནད་དུ་བྱས་པའི་ཞིང་གསུམ་བྱ་བ་སྣ་ཚོགས་ལ་འཆར་འགོད་བྱས་ནས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཁྲོད་མཚོ་སྔོན་གྱི་ལེའུ་འབྲི་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་ཀྱི་བརྟན་འཇགས་བདེ་འཇགས་མཁོ་འདོན་ལ་འགན་སྲུང་བྱེད་རྒྱུ་དེ་ནམ་ཡང་དོན་དག་གལ་ཆེན་དུ་བརྩི་བ། འབྲུ་རིགས་ཀྱི་བདེ་འཇགས་འགན་འཁྲི་ཕྲག་ཏུ་ལེན་པ། ཚན་རྩལ་དང་བཅོས་སྒྱུར་གྱི་སྣེ་ཁྲིད་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དེ། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་ཡོང་བར་བྱེད་དགོས། བབ་སྡོད་ལས་བསྐྲུན་གྱི་ཞི་འཇགས་གྲོང་གསེབ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་མཉམ་དུ་འཛུགས་སྐྲུན་བྱེད་པ། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། གྲོང་གསེབ་ཕྱི་ནང་གཉིས་ཀ་ནས་ཕྱོགས་ཡོངས་ནས་མཐོར་འདེགས་སུགཏོང་བ་མངོན་འགྱུར་བྱེད་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་སར་ཇ་སྟོན་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཉིས་སྟོམ་ཉེར་གསུམ་ལོའི་ལོ་སར་གྱི་ཤིས་ཚིག རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། དཔལ་འབྱོར་ཉིན་རེའི་ཚགས་པར་བསྒྲུབས་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག དུས་རབས་གསར་བའི་ཀྲུང་གོའི་རྩ་ཁྲིམས་ལག་ལེན་གྱི་ལེའུ་གསར་བ་འབྲི་བའི་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སློབ་སྦྱོང་དང་ལག་བསྟར་ཁྲོད་འདས་པའི་ལོ་གཅིག་རིང་གི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། ཞུམ་མེད་མདུན་སྐྱོད་དང་དཀའ་སྤྱད་འབད་བརྩོན་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། གོམ་སྟབས་རེ་རེ་བཞིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་དུ་བསྟར་བ་དང་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས། མིག་སྔའི་རིམས་ནད་འགོག་སྡོམ་ཐད་ཀྱི་གནས་བབ་གསར་བ་དང་ལས་འགན་གསར་བ་ལ་རྐང་འཛུགས་པ་དང་། འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། འགོག་བཅོས་ཟུང་འབྲེལ་དང་མཉམ་འགོག་མཉམ་འབྲེལ། མཉམ་འགོག་མཉམ་བཅོས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས། བརྒྱུད་སྒྲོག་བྱེད་ཐབས་གསར་གཏོད་བྱེད་པ་དང་ཕྱི་ཕྱོགས་བརྗེ་རེས་ལ་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་དྲིལ་སྒྲོག་ཟབ་མོ་བྱས་ཏེ། མཚོ་སྔོན་གྱི་གཏམ་རྒྱུད་བཤད་པ་དང་མཚོ་སྔོན་གྱི་སྣང་བརྙན་ངོམ་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། རྩ་ཁྲིམས་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། རྩ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་པ། རྩ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་མཉམ་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་དགོས།

ཚོགས་ཐོག་ནས་རིམས་ནད་འགོག་སྡོམ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། ཚད་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ། འགག་སྒོ་སྔོན་བསྣུར་བྱས་ནས་མྱུར་སྐྱོབ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྨན་བཅོས་ཐོན་ཁུངས་གྲ་སྒྲིག་དང་དངོས་ཟོག་གལ་ཆེན་ཉར་གསོག་བཀོད་སྒྲིག་བཅས་ལ་ཤུགས་སྣོན་པ། ལོ་ལོན་དང་བྱིས་པ། ནད་པ། དབང་བོ་སྐྱོན་ཅན། སྦྲུམ་མ་དང་རྨང་གཞིའི་ནད་བྱུང་བའི་གཙོ་གནད་མི་ཚོགས་ཀྱི་འགོག་སྲུང་དང་མྱུར་སྐྱོབ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ། ཞིང་སྡེ་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་འབུར་དུ་ཐོན་པར་བྱེད་པ། རིམ་པ་བགོས་ནས་སྨན་བཅོས་མྱུར་སྐྱོབ་བྱེད་པའི་སྣེ་ཁྲིད་དང་ཁྱིམ་སྡོད་ནད་པའི་བདེ་ཐང་མཛུབ་སྟོན་ལ་ཤུགས་སྣོན་པ། ནད་ལྕི་མོ་བྱུང་བའི་ནད་པའི་སྨན་བཅོས་དང་རྒྱུན་ལྡན་གྱི་སྨན་བཅོས་སྒྲིག་ལམ་ལ་འགན་སྲུང་བྱས་ཏེ། རིམས་ནད་འགོག་སྡོམ་བྱེད་ཐབས་བརྟན་བརླིང་དང་གོ་རིམ་ལྡན་པ་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་སུ་བསྒྱུར་བར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།