ཟླ་དང་པོའི་ཚེས་བདུན་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན་བཅས་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཞི་རིམ་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་རྒྱལ་ཡོངས་གྲོང་ཁྱེར་གཞི་རིམ་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། གྲོང་ཁྱེར་གཞི་རིམ་ཏང་འཛུགས་ཀྱི་བྱ་བའི་ཉམས་མྱོང་སྤྱི་སྡོམ་དང་བརྗེ་རེས་བྱས་ལ། འཕྲད་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་དབྱེ་ཞིབ་དང་། གྲོང་ཁྱེར་གཞི་རིམ་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱ་བ་དེ་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གྲོང་ཁྱེར་གཞི་རིམ་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱ་བའི་གལ་ཆེན་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། གོང་འོག་མཉམ་འབྲེལ་གྱི་མགོ་ཁྲིད་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྲང་ལམ་གཞིས་ཁུལ་གྱི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་རྒྱུན་མཐུད་ངང་ཤུགས་དྲག་ཏུ་གཏོང་བ། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་བྱ་བའི་མ་ལག་ནུས་ཤུགས་ཡོད་དགུས་བསྐྲུན་པ། གྲོང་ཁྱེར་གཞི་རིམ་ཏང་འཛུགས་བྱ་བའི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་དུ་གཏོང་བ། གཞིས་ཁུལ་ལས་དོན་གྱི་ཏང་འཛུགས་མཉམ་སྐྲུན་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་བ། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱ་བའི་ཕན་ཡོད་བྱེད་ཐབས་འཚོལ་ཞིབ་གསར་གཏོད་བྱེད་དགོས། ལས་རྣམ་གསར་བ་དང་ལས་ཞུགས་གསར་བའི་ཚོགས་ཁག་གྲོང་ཁྱེར་བཅོས་སྐྱོང་གི་གནས་བབ་དང་མཉམ་སྲེས་ཐུབ་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གྲོང་ཁྱེར་གཞི་རིམ་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཙོ་གནད་འབུར་ཐོན་དང་སྤྱི་ཡོངས་སྐུལ་འདེད་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་ལས་འགན་གྱི་གསལ་ཐོ་འགོད་པ་དང་། སྡེ་ཁག་གི་དགེ་མཚན་དངོས་སུ་འདོན་སྤེལ་བྱེད་པ། བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུ་བ་བཅས་བྱས་ནས། གྲོང་ཁྱེར་གཞི་རིམ་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱ་བའི་ཕན་འབྲས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།