དབྱང་ཧྥིན་ཁྲུན་གྱིས་ཞིང་ཆེན་ཡོངས་ཀྱི་ས་གནས་དཀར་ཆག་གྲུབ་འབྲས་འགྲེམ་སྟོན་ལ་རྟོག་ཞིབ་མཛུབ་སྟོན་བྱས།
2023.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

དབྱང་ཧྥིན་ཁྲུན་གྱིས་ཞིང་ཆེན་ཡོངས་ཀྱི་ས་གནས་དཀར་ཆག་གྲུབ་འབྲས་འགྲེམ་སྟོན་ལ་རྟོག་ཞིབ་མཛུབ་སྟོན་བྱས།

ཟླ་དང་པོའི་ཚེས་དགུ་ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་མཚོ་སྔོན་ཞིང་ཆེན་གྱི་ས་གནས་དཀར་ཆག་འགྲེམ་སྟོན་ལ་རྟོག་ཞིབ་མཛུབ་སྟོན་བྱས། ཐེངས་འདིའི་གྲུབ་འབྲས་འགྲེམ་སྟོན་སྟོན་དེ་མཚོ་སྔོན་ཞིང་ཆེན་ས་གནས་དཀར་ཆག་སྡུད་སྒྲིག་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་ས་གནས་དཀར་ཆག་རིག་གཞུང་ཚོགས་པ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་དང་། རྫོགས་ལྡན་དཀར་ཆག་གི་གྲུབ་འབྲས་དེང་དར་རྗེས་སྤེལ་བྱེད་པའི་ལེའུ་གསར་བ་རྩོམ་ཅེས་པ་བརྗོད་གཞིར་བཟུང་སྟེ། གཅིག་སྡུས་འགྲེམ་སྟོན་སྟེང་རིམ་པ་གསུམ་པའི་འཆར་འགོད་དཀར་ཆག་དཔེ་དེབ་ཉིས་བརྒྱ་བཞི་ཅུ་ལྷག་དང་། ཕྱོགས་བསྡུས་ལོ་འཁོར་མེ་ལོང་དང་རིགས་སྣ་ཚོགས་ཀྱི་ཆེད་ལས་ལོ་འཁོར་མེ་ལོང་རིགས་སྣ་བདུན་ཅུ། ཁྱད་ལྡན་དཀར་ཆག་སོགས་བཞི་ཅུ་ལྷག་ཡོད་ལ། འགྲེམས་སྟོན་ཟླ་གཉིས་པའི་ཟླ་མཇུག་བར་རྒྱུན་སྲིང་རྒྱུ་རེད།

དབྱང་ཧྥིན་ཁྲུན་གྱིས་མཚམས་སྦྱོར་ལ་ནན་ཏན་གྱིས་ཉན་རྗེས། རིགས་སོ་སོའི་ས་གནས་དཀར་ཆག་གི་གྲུབ་འབྲས་ཞིབ་བཤེར་བྱེད་པར་རྐང་འཛུགས་དགོས། ཁོས་བསྟན་དོན། སྐབས་རིམ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་རྒྱབ་སྐྱོར་ཤུགས་ཆེན་འོག  ཞིང་ཆེན་ཡོངས་ཀྱི་ས་གནས་དཀར་ཆག་     ལས་བཟོ་བའི་འགྱུར་མེད་དམ་བཅའ་བརྟན་པ་དང་། སྲོལ་རྒྱུན་རྒྱུན་འཛིན་དང་། ཡིག་ཐོག་རྨོ་འདེབས་རྒྱུན་མི་ཆད་པར་བྱས་རྗེས་གང་ལེགས་བཞག་ནས། ས་གནས་དཀར་ཆག་སྐོར་ཞིག་གི་གྲུབ་འབྲས་བསྐྲུན་ཡོད་ལ།  ཕུལ་བྱུང་རིག་གནས་རྒྱུད་སྒྲོག་དང་རྒྱལ་ཁབ་ཀྱི་བརྩེ་བ་གསོ་སྐྱོང་བྱེད་པ། རིག་གནས་ཡིད་རྟོན་ཤུགས་དྲག་ཏུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་སྐུལ་སློང་བྱེད་པར་བྱས་རྗེས་ཧུར་ཐག་བཞག་ཡོད།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་བར་བསྐྱོད་དུས། ས་གནས་དཀར་ཆག་བྱ་བས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་རྒྱུས་དཀར་ཆག་བྱ་བའི་རྣམ་བཤད་གལ་ཆེན་རྩ་བའི་གཞི་འཛིན་ས་རུ་བརྩིས་ཏེ། མི་དམངས་ཀྱི་ཆེད་དུ་དཀར་ཆག་བཟོ་བའི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་དོན་དུ་གཏམ་གླེང་བྱེད་པ། རྒྱལ་ཁབ་ཀྱི་དོན་དུ་ལོ་རྒྱུས་ཉར་ཚགས་བྱེད་པ། དམངས་ཀྱི་ཆེད་དུ་བདེ་སྐྱིད་ཁྱིམ་གཞིས་བསྐྲུན་པའི་འགན་འཁྲི་ལག་བསྟར་བྱས་ཏེ། དཀར་ཆག་བཟོ་བའི་དཀའ་བ་ཁྱད་སེལ་དང་། ལོ་རྒྱུས་ཐད་འབྲི་བྱེད་པའི་དཀར་ཆག་ལས་བཟོ་བའི་སྙིང་སྟོབས་དར་སྤེལ་དང་། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ས་གནས་དཀར་ཆག་སྡུད་སྒྲིག་དང་། དོ་དམ། གསར་འབྱེད། བེད་སྤྱོད་བཅས་བྱེད་པའི་བྱ་བ་སྔར་ལས་ལེགས་པོར་སྒྲུབ་ནས། སྔ་འཛིན་ཕྱི་གཏོད་བྱེད་པའི་ཁྲོད་ས་གནས་དཀར་ཆག་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཀྱི་ལེའུ་གསར་བ་བྲིས་ཏེ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་བསྐྲུན་པར་ཞབས་ཞུ་གང་ལེགས་སྒྲུབ་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས།

                                                                                             རིག་འཛིན་སྒྲོལ་མས་བསྒྱུར།