ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཡོངས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སྟེང་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་པོ་ཡིན་པ། འཕེལ་རྒྱས་བདེ་འཇགས་ཡིན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བདེ་འཇགས་སྐོར་གྱི་འགན་འཁྲི་དམ་འཛིན་དང་བྱེད་ཐབས་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་མུ་མཐུད་བརྟན་འཇགས་ངང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བདེ་འཇགས་ཐོན་སྐྱེད་གནས་བབ་ཀྱི་གཟབ་ནན་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་ཀྲང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལོ་སར་སྐབས་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་ལེགས་པར་བསྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྩ་ལག་མཉམ་བཅོས་དང་འགག་སྒོ་སྔོན་སྣུར་བྱེད་པ་རྒྱུན་འཁྱོངས་བྱས་ནས་ལམ་གྱི་འགྲིམ་འགྲུལ་དང་རིམས་ནད་འགོག་སྡོམ། ཉེན་ཁ་ཅན་གྱི་དངོས་རྫས། གཏེར་རི། མེ་འགོག། བཟོ་སྐྲུན་ལས་གཉེར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེལ་འདྲེན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག རང་བྱུང་གནོད་འཚེ། སྤྱི་ཚོགས་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་དང་གནད་འགག་གི་ལས་རིམ་ལ་དམ་དུ་དམིགས་ནས་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དམ་འཛིན་དང་། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོའི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཉེན་ཁ་ཆེན་པོར་ཆེད་དོན་བཅོས་སྐྱོང་དང་མཛུབ་ཁྲིད་ཞིབ་བཤེར་བྱེད་པར་སྐུལ་འདེད་བཏང་ནས་འཕྲལ་བསྟུན་བྱ་བ་ལེགས་པར་བསྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་ལ་ཤུགས་བསྣན་ནས་ཉེན་ཁ་ཆེན་པོརནུས་ལྡན་སྒོས་འགོག་ཟོན་དང་ཐག་གཅོད་བྱེད་དགོས། དོན་རྐྱེན་ཧ་ཅང་ཆེན་པོ་འབྱུང་བར་བཀག་འགོག་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་རྒྱུན་མཐུད་བརྟན་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།
ཝང་ཝེ་ཏུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་བདེ་འཇགས་ཐོན་སྐྱེད་བྱ་བ་ཁྱབ་བསྒྲགས་བྱས་པ་དང་ཉིས་སྟོང་ཉེར་གསུམ་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།
མི་ཕམ་མགོན་པོས་བསྒྱུར།