ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་སྙན་ཞུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཞིང་ཆེན་ཡོངས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་གྲོང་ཁྱེར་དང་ཁུལ་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུས་མངགས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་ཉིས་སྟོང་ཉེར་གཉིས་ལོའི་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། གྲོང་ཁྱེར་དང་ཁུལ་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུས་མངགས་པའི་ཏང་ཨུའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་ཉིས་སྟོང་ཉེར་གཉིས་ལོའི་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱས་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་པའི་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་དཔྱད་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་དཔྱད་གླེང་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྩ་འཛུགས་ཅུའུ་གཉིས་པའི་ཅུའུ་ཀྲང་། གཞི་རིམ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཧྲི་ཅུན་གྲོས་ཚོགས་ལ་ཞུགས་ཏེ་རང་ཞིང་གིས་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱེད་པའི་འགན་འཁྲིའི་ལམ་ལུགས་གནས་ཚུལ་ལ་མཛུབ་སྟོན་བྱས།
ཚོགས་ཐོག་ཏུ་གྲོང་ཁྱེར་དང་ཁུལ་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུས་མངགས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་རིམ་པ་བཞིན་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱས་པ་དང་། ཁྲིན་ཀང་གིས་དཔྱད་གླེང་བྱེད་སྐབས་ཁོ་ཚོས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པར་མ་ཟད་གནད་དོན་དང་མི་འདང་ས་བཤད་པ་དང་བྱ་བའི་རེ་བ་བཏོན། ཁོས་བསྟན་དོན། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གནང་བའི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དངོས་འབེབས་བཟང་བོ་བྱས་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ལེན་གང་ལེགས་བྱས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བྱས་ཏེ་ཕན་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་བཏང་བ་དང་། གཞི་རིམ་ཏང་འཛུགས་བྱ་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་འདུ་ཤེས་འཛིན་སྟངས་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཤིང་། ཏང་གི་ཆབ་སྲིད་མགོ་ཁྲིད་ཀྱི་ནུས་པ་དང་བསམ་བློ་སྣེ་ཁྲིད་ཀྱི་ནུས་པ། མང་ཚོགས་རྩ་འཛུགས་ཀྱི་ནུས་པ། སྤྱི་ཚོགས་འབོད་སྐུལ་གྱི་ནུས་པ་བཅས་སྔར་ལས་ཇེ་དྲག་ཏུ་གྱུར།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། གཞི་རིམ་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་འདུ་ཤེས་འཛིན་སྟངས་བྱ་བ་དེ་ཏང་གི་སྲིད་སྐྱོང་རྨང་གཞི་ལ་འབྲེལ་བ་ཡོད་པ་དང་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་འབྲེལ་བ་ཡོད་ཅིང་། ཏང་གི་སྔོན་ཐོན་རང་བཞིན་དང་རྣམ་དག་རང་བཞིན་ལ་འབྲེལ་བ་ཡོད་པས། གནད་འགག་ནི་དངོས་འབེབས་བྱེད་འདོད་ཡོད་མེད་དང་དངོས་འབེབས་བྱེད་ཐུབ་མིན། དངོས་འབེབས་བྱེད་སྲིད་མིན་བཅས་ལ་རག་ལས་ཡོད། གཞི་རིམ་དམ་འཛིན་བྱེད་པའི་ཡང་དག་པའི་ཁྲིད་སྟོན་ཆགས་པར་བྱེད་པ་དང་། ཆེད་དོན་ཞིབ་འཇུག་ཐེངས་ཤིག་བྱེད་པ་དང་བྱ་བའི་གྲོས་ཚོགས་ཐེངས་ཤིག་བསྡུ་བ། རྟོག་ཞིབ་ཐེངས་ཤིག་རྩ་འཛུགས་བྱེད་པ། གནད་དོན་གཙོ་བོ་སྐོར་ཞིག་ཐག་གཅོད་པ། བྱ་བའི་དཔེ་དབྱིབས་སྐོར་ཞིག་འཛུགས་པ། ལོ་རྗེས་མའི་འགན་སྒྲུབ་སྙན་ཞུ་བཟང་བོར་འབྲི་བར་དམིགས་ཏེ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ་དང་འགན་འཁྲི་དང་ལེན་བྱེད་པ། རྨང་གཞི་ཇེ་བརྟན་དུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་དེ་ནུས་ལྡན་སྒོས་ཏང་གི་མགོ་ཁྲིད་མངོན་འགྱུར་བྱེད་པའི་སྟོབས་ལྡན་འཐབ་འཛིང་གི་མཁར་རྫོང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། སྔར་ལས་བཟང་བའི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས་ལ། དཔེ་སྟོན་ནུས་པ་འདོན་དགོས་པར་མ་ཟད་གཟབ་ནན་ཏན་ཏིག་སྒོས་དོ་དམ་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་མཐའ་གཅིག་ཏུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་གཙོ་གཞིའི་འགན་འཁྲི་དང་ལེན་བཟང་བོ་བྱས་ཏེ། ཆབ་སྲིད་ཐད་ནས་གནད་དོན་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་མཁས་པར་བྱེད་པ་དང་། ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་འདུ་ཤེས་ཞན་པ་དང་བཀོད་སྒྲིག་བྱས་པ་མི་འདང་བ། བྱེད་ཐབས་དོན་འཁྱོལ་བྱས་མེད་པ། འཕྲལ་བསྟུན་ཐག་གཅོད་བྱས་པ་མི་བཟང་བ་སོགས་ཀྱི་གནད་དོན་གཙོར་བཟུང་ནས་ཐག་གཅོད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་ཇེ་བརྟན་དུ་གཏོང་བ། འདུ་ཤེས་འཛིན་སྟངས་བྱ་བའི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱེད་དགོས། ཏང་གི་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་སྲུང་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་སྔོན་ནས་ལག་བསྟར་བྱས་ཏེ་ཕན་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས།
ཧྲི་ཅུན་གྱིས་མཚོ་སྔོན་གྱི་གཞི་རིམ་ཏང་འཛུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བཟང་བོ་བྱས། ཁོས་བཤད་དོན། ཉིས་སྟོང་ཉེར་གཉིས་ལོར་མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྟེ་གནས་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་། ཏང་གི་གསར་སྐྲུན་རིགས་གཞུང་གསལ་བོར་རྟོགས་པར་སྐུལ་འདེད་བཏང་ཞིང་། ཏན་ཏིག་སྒོས་ཏང་འཛུགས་དམ་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བ་དང་། ཏང་འཛུགས་ཀྱིས་གྲོང་ཁྱེར་དང་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་ཞིང་ཁྱབ་ཁོངས་གཞན་དག་གི་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། གཞི་རིམ་རྨང་གཞིའི་འགན་སྲུང་ཆུ་ཚད་ཚད་མཐོན་པོས་མཐོར་འདེགས་སུ་བཏང་ལ། གཞི་རིམ་ཏང་འཛུགས་བྱ་བའི་ཐད་ནས་འཕེལ་རིམ་གསར་བ་བྱུང་བ་དང་གྲུབ་འབྲས་བཟང་བོ་ཐོབ། ཉིས་སྟོང་ཉེར་གསུམ་ལོར་གཞི་རིམ་ཏང་འཛུགས་བྱ་བ་སྒྲུབ་སྐབས། ཆབ་སྲིད་འཛུགས་སྐྲུན་དང་གཞི་རིམ་འཛུགས་སྐྲུན། མི་འདང་ས་ཁ་གསབ། འགན་འཁྲི་དང་ལེན་བྱེད་པ་བཅས་ལ་སྔར་ལས་ཡིད་འཇོག་བྱས་ནས། ཧུར་ཐག་སྒོས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་ཁག་ཐེག་སྟོབས་ལྡན་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས།
མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུ་དང་ཏང་ཙུའུ་ཡི་མགོ་ཁྲིད་པ་དང་པོ་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་འགན་སྒྲུབ་སྤྱོད་གཙང་ཡར་ཞུ་བྱེད་པའི་བྱེད་ཐབས་ལྟར། འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་བློ་མཐུན་གཙོ་བོས་ཡིག་ཐོག་ནས་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཡོན་མགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་གྲོང་ཁྱེར་དང་ཁུལ་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུས་མངགས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། འཐུས་མི་གཉིས་དང་ཨུ་ཡོན་གཅིག་དང་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།