ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས།
2023.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་དང་པོའི་ཚེས་བཅུ་གཅིག་ཉིན།   ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས།   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད།   མཱ་ཅི་ཞའོ་དང་རིན་ཆེན་རྣམ་རྒྱལ།  ཀྲང་ལིས། ཀྲང་ཝུན་ཁུའེ།  མཱ་ཧའེ་དབྱིན།  ཝང་ཞོན།  ཏུའུ་ཏི་ཀྲི།   ཝང་ཀྲིན་ཁྲང་།  མཱ་ཧྥིན་ཧྲིན།  ལིའུ་ཏ་ཡེ་བཅས་དང་།  དེ་མིན་དབྱང་ཁི་ཞང་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ང་བདུན་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་བསྡུ་བའི་སྐོར་གྱི་ཐག་གཅོད་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་།  ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཟི་ལིང་དུ་བསྡུ་རྒྱུ་རེད།    གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་།  ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་དང་སྙན་ཞུ་འབུལ་མཁན་གྱི་གྲོས་གཞིའི་མིང་ཐོར་གྲོས་འཆམ་བྱུང་ལ།   ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་འདོན་བྱ་བའི་གནས་ཚུལ་གྱི་སྙན་ཞུའི་འཆར་ཟིན་དང་སྙན་ཞུ་འབུལ་མཁན་གྱི་གྲོས་གཞིའི་མིང་ཐོར་གྲོས་འཆམ་བྱུང་།    གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་མིང་ཐོར་གྲོས་འཆམ་བྱུང་བ་དང་།   ཀྲུའུ་ཞིའི་གྲོས་ཚོགས་ལ་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་སྟེང་གྲོས་ཐག་མ་བཅད་པའི་དོན་དག་ལ་གྲོས་ཞིབ་བྱེད་དབང་སྟེར་བའི་སྐོར་གྱི་ཐག་གཅོད་ལ་གྲོས་འཆམ་བྱུང་།   གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ལོ་ལྔའི་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་མི་དོན་དོན་དག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བལྟས་ན།    འདས་པའི་ལོ་ལྔ་ནི་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སོང་བའི་ལོ་ལྔ་ཡིན།   ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ།   སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་གཏིང་ཟབ་བྱས་ལ།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་པས།  བྱ་བ་སོ་སོར་གྲུབ་འབྲས་གསར་པ་བླངས་ཡོད་པ་དང་།   བྱ་བ་གཙོ་བོ་དང་གསར་སྐྲུན་བྱེད་ཐབས།   འགན་སྒྲུབ་གྲུབ་འབྲས་མང་པོ་ཞིག་ལ་རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་མགོ་ཁྲིད་བློ་མཐུན་གྱི་ཁས་ལེན་ཐོབ་ཡོད་ལ།   སྤྱི་ཚོགས་ལས་རིགས་སོ་སོའི་གདེང་འཇོག་ཆེན་པོ་ཐོབ།

གྲོས་ཚོགས་སྟེང་བསྟན་དོན།   སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་རྒྱུ་གོ་གནས་གཙོ་བོར་བཞག་སྟེ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་སྲ་བརྟན་ནུས་ལྡན་དུ་བཏང་བ་དང་།    ཐོག་མཐའ་བར་གསུམ་དུ་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད། མཐུན་སྒྲིལ་ཇེ་དམ་དུ་གཏོང་རྒྱུ་བཅས་སྲིད་གྲོས་འགན་སྒྲུབ་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས་ཐུན་མོང་གི་ངོས་འཛིན་སྔར་ལས་ནུས་ལྡན་དུ་བཏང་།   ཐོག་མཐའ་བར་གསུམ་དུ་དག་སྲུང་གསར་གཏོད་དང་སྤུས་འདེགས་ནུས་སྤེལ་བྱེད་རྒྱུ་དེ་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ནང་གནས་སྒུལ་ཤུགས་སུ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ས་གནས་བཅོས་སྐྱོང་མ་ལག་ཁྲོད་ཀྱི་བྱེད་ནུས་སྔར་ལས་མངོན་གསལ་དུ་བཏང་བ་དང་སྲིད་གྲོས་བྱ་བ་ཕྱོགས་ཡོངས་ནས་སྤུས་འདེགས་ནུས་སྤེལ་བྱས།    ཐོག་མཐའ་བར་གསུམ་དུ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་འགན་སྒྲུབ་ཀྱི་རྩ་བའི་འགན་ལེན་དུ་བྱས་པ་དང་།  མི་དམངས་སྲིད་གྲོས་ཀྱི་གཡུལ་ས་གཙོ་བོ་དང་སྟེགས་བུ་གཙོ་བོ།   ཐབས་ལམ་གཙོ་བོའི་བྱེད་ནུས་ནུས་ཡོད་སྒོས་འདོན་སྤེལ་བྱས་ཏེ་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་།    ཐོག་མཐའ་བར་གསུམ་དུ་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་ངེས་གནས་བརྟན་པོར་བཙུགས་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོའི་བློ་འདོན་ཇུས་འབུལ་ལ་དམ་དུ་དམིགས་པ།    སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་གྲུབ་འབྲས་མངོན་གསལ་བླངས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ།

ལྷ་མོ་ཚེ་རིང་གིས་བསྒྱུར།